ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་དབྱི་ལིང་ལ་ཚད་ལས་བརྒལ་བའི་རེ་བ་འདོན་པར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་ལིང་གི་གྲོས་མོལ་འཐུས་ཚབ་ཚོགས་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འབྲེལ་ཡོད་ཕྱོགས་བར་གྱི་གྲོས་མོལ་ཁྲོད་དུ་དབྱི་ལིང་ལ་ཚད་ལས་བརྒལ་བའི་རེ་བ་འདོན་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཧཱ་མཱེ་ནེ་དབྱེའི་དྲ་ཚིགས་ནས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་ལིང་སྲིད་གཞུང་གི་དཔོན་པོར་ཐུག་འཕྲད་བྱེད་སྐབས་དབྱི་ལིང་གི་གྲོས་མོལ་འཐུས་ཚབ་ཚོགས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཀྱི་རྣམ་འགྱུར་ལ་ཡིད་ཚིམས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། གྲོས་མོལ་འཕེལ་རིམ་བདེ་བླག་ཡིན་པ་དང་། དབྱི་ལིང་གི་གྲོས་མོལ་འཐུས་ཚབ་ཚོགས་པས་ནམ་རྒྱུན་དབྱི་ལིང་ལ་ཚད་ལས་བརྒལ་བའི་རེ་བ་འདོན་པར་ངོ་རྒོལ་བྱེད་བཞིན་ཡོད་ལ་མུ་མཐུད་དུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་དང་འགལ་བར་བྱས་ཏེ། ད་ལྟ་དམ་བཅའ་དང་འགལ་བའི་དཀའ་ཁག་གི་གནས་སུ་ལྷུང་ཡོད་ཀྱང་། དབྱི་ལིང་ལ་གནས་ཚུལ་དེ་འདྲ་མེད་ཟེར། 

ཧཱ་མཱ་ནེ་དབྱེ་ཡིས་ད་རུང་དབྱི་ལིང་གི་དཔོན་རིགས་ཀྱིས་བྱ་བའི་འཆར་གཞི་དང་གྲོས་མོལ་མཇུག་འབྲས་གཅིག་ཏུ་སྦྲེལ་མི་རུང་བའི་རེ་བ་བཏོན། གྲོས་མོལ་གྱི་མཇུག་འབྲས་བཟང་ངན་གང་ཡིན་ཡང་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་པར་བཀག་རྒྱ་བཟོ་མི་རུང་ཟེར། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།