ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་ནས་ཙུང་ལི་དབྱི་མུའུ་ལན་ཧན་ལ་དམིགས་པའི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་ནས་ཚེས་བཅུ་ཉིན་གྱི་སྔ་དྲོར་ཙུང་ལི་དབྱི་མུའུ་ལན་ཧན་ལ་དམིགས་པའི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་ནས།  དབྱི་མུའུ་ལན་ཧན་ཕ་ཁི་སི་ཐན་གྱི་ལོ་རྒྱུས་སྟེང་རྒྱལ་དམངས་གྲོས་ཁང་གིས་གོ་གནས་བླངས་པའི་ཙུང་ལི་ཐོག་མ་རུ་གྱུར།

ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་སྤེལ་བའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད།  ངོ་རྒོལ་ཏང་མནའ་འབྲེལ་གྱིས་བཏོན་པའི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་འདེམ་ཤོག་བརྒྱ་དང་དོན་བཞིས་རྒྱབ་སྐྱོར་ཐོབ།    ཕ་ཁི་སི་ཐན་གྱི་རྩ་ཁྲིམས་དང་གྲོས་ཁང་གི་གྲོས་རིམ་རྩ་དོན་ལྟར་ན།   ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་རྒྱལ་དམངས་གྲོང་ཁང་གི་འདེམ་ཤོག་བརྒྱ་དང་དོན་གཉིས་ཀྱིས་རྒྱབ་སྐྱོབ་ཐོབ་ན་འཕྲལ་འདོན་གྲོས་གཞི་དེ་ལག་བསྟར་བྱས་ཆོག་པ་རེད།

འདེམ་ཤོག་མ་འཕངས་གོང་ལ།  རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁའེ་སི་ཡིས་ལས་ཁུར་དགོངས་ཞུ་བྱ་རྒྱུ་ཁྱབ་སྒྲོག་བྱས་པས།  འདེམས་ཤོག་འཕེན་པའི་བྱ་འགུལ་ལ་གྲོས་མི་ས་ཏི་ཁི་ཡིས་འགོ་འཛིན་བྱས།

ཟླ་གསུམ་པའི་ཚེས་བརྒྱད་ཉིན། ངོ་རྒོལ་ཏང་མནའ་མཐུན་གྱིས་རྒྱལ་དམངས་གྲོས་ཁང་ལ་དབྱི་མུའུ་ལན་ཧན་ལ་དམིགས་པའི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་དངོས་སུ་བཏོན།  ཟླ་བཞི་བའི་ཚེས་གསུམ་ཉིན།    རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཁ་ཞི་མུའུ་སུའུ་ལི་ཡིས་འཕྲལ་འདོན་གྲོས་གཞི་དེ་ཁས་ལེན་མ་བྱས་པ་དང་།    དེའི་རྗེས་སུ།   ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་དབྱི་མུའུ་ལན་ཧན་གྱི་གྲོས་གཞིར་ཆོག་མཆན་བཀོད་དེ་རྒྱལ་དམངས་གྲོས་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།