ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ཐུང་གིས་ཤུགས་ཆེན་པོས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་མེ་ནི་ཡཱའི་ཙུང་ཐུང་ཧཱ་ཆཱ་ཐུའུ་ལིང་གིས་ཚེས་དྲུག་ཉིན་ཨེ་མེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་བསྟན་དོན། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཤུགས་ཆེན་པོས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཧཱ་ཆཱ་ཐུའུ་ལིང་ཉིན་དེར་ཀྲུང་གོ་དང་ཨེ་མེ་ནི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ཨེ་མེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གསར་བ་བཀོལ་བའི་མཛད་སྒོར་ཞུགས། གཞུང་ཚབ་ཁང་གསར་བར་ལྟ་སྐོར་བྱས་པ་དང་། ཀྲུང་གོ་དང་ཨེ་མེ་ནི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་པར་རིས་འགྲེམ་སྟོན་དང་དེ་མིན་རྒྱལ་ཁབ་གཉིས་ཀྱི་སློབ་ཆུང་སློབ་མའི་ཀྲུང་གོ་དང་ཨེ་མེ་ནི་ཡའི་མཛའ་མཐུན་བརྗོད་སྙིང་དར་སྤེལ་བྱེད་པའི་རི་མོའི་འགྲེམ་སྟོན་ལ་བལྟས། 

ཧཱ་ཆཱ་ཐུའུ་ལིང་གིས་བཤད་རྒྱུར། འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་བྱུང་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་རབས་དང་རིམ་པ་བླངས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཡོངས་ཀྱི་མགོ་ཁྲིད་དེ་མཐུན་སྒྲིལ་གཅིག་གྱུར་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཡོད། གྲོགས་པོ་བཟང་བོ་ཡིན་པའི་ཆ་ནས། ཨེ་མེ་ནི་ཡཱ་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད་པ་དང་། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བཟང་བོ་དཔྱད་གཞིར་བཟུང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས། ཨེ་མེ་ནི་ཡཱ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཨེ་མེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥན་ཡུང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཡུན་རིང་བོའི་མཛའ་མཐུན་འབྲེལ་བ་ལྡན། འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་བདེ་བླག་དང་གཏན་འཇགས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བ་གོ་སྐབས་སུ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་འབྲེལ་འདྲིས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཐུན་མོང་དར་རྒྱས་ལ་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།