ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་འཐབ་ཇུས་གསོག་ཉར་མ་ལག་བཙུགས་ཏེ་ཉིང་རྡུལ་ནུས་པའི་སྐྱེ་དངོས་རྫས་འགྱུར་གྱི་ཛ་དྲག་གི་རྣམ་པར་ཁ་གཏད་འཇལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་བསྟན་དོན། རྫས་འགྱུར་དང་སྐྱེ་དངོས། འཕྲོ་འགྱེད། ཉིང་རྡུལ་ནུས་པའི་འཇིགས་ཉེན་སོགས་སྤྱི་བའི་འཕྲོད་བསྟེན་ཉེན་ཁའི་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་ཆེད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་དངོས་རྫས་ཀྱི་འཐབ་ཇུས་གསོག་ཉར་མ་ལག་འཛུགས་བཞིན་ཡོད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། མི་རྣམས་རྫས་འགྱུར་བཟོ་གྲྭའི་དུག་རླངས་ཕྱིར་ཤོར་དང་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་དོན་རྐྱེན། འགོ་ནད་སོགས་རྫས་འགྱུར་དང་སྐྱེ་དངོས། འཕྲོ་འགྱེད། ཉིང་རྡུལ་ནུས་པའི་འཇིགས་ཉེན་སོགས་སྤྱི་བའི་འཕྲོད་བསྟེན་ཉེན་ཁར་འཕྲད་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེན་ཁ་དེ་རིགས་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། འཐབ་ཇུས་གསོག་ཉར་མ་ལག་དེའི་རིན་ཐང་ཡོ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་འབུམ་ལྔ་ཡིན་པ་དང་། གསོག་ཉར་གྱི་དངོས་རྫས་ལ་གོང་གི་འཇིགས་ཉེན་ཐག་གཅོད་བྱེད་པའི་སྒྲིག་ཆས་དང་སྨན་རྫས། འགོག་སྨན། དེ་མིན་གཙང་སེལ་དག་བསྒྱུར་ཐད་བཀོལ་བའི་སྒྲིག་ཆས་སོགས་གསོ་བཅོས་དཔྱད་ཆས་གཞན་པ་སོགས་འདུས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉམས་ཉེན་དོ་དམ་གྱི་འགན་ཁུར་བའི་ཨུ་ཡོན་ཡཱ་ནེ་ཙི་ལའེ་ནེ་ཨར་ཆི་ཆི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་གྲ་སྒྲིག་ལ་ཤུགས་སྣོན་བྱས་ཏེ། མི་མངོན་པའི་འཇིགས་ཉེན་ཐག་གཅོད་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།