ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁ་ཝུའུ་ཁི་ལན་ནས་སྐྱེ་དངོས་མཚོན་ཆའི་ལྷུ་ལག་ཞིབ་འཇུག་གསར་སྤེལ་བྱེད་པར་ཞུགས་པའི་བདེན་དཔང་གསར་བ་རྙེད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲི་ཁི་ཧྥུའུ་ཡིས་ཚེས24ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སིའི་ཆེད་མཁས་པས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཝུའུ་ཁི་ལན་ནས་ཐད་ཀར་དུ་སྐྱེ་དངོས་མཚོན་ཆའི་ལྷུ་ལག་གི་ཞིབ་འཇུག་གསར་སྤེལ་བྱ་བར་ཞུགས་པའི་བདེན་དཔང་གསར་བ་བརྙེད་པ་རེ། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྔར་བཞིན་ཝུའུ་ཁི་ལན་གྱི་སྐྱེ་དངོས་ཚོད་ལྟ་ཁང་གི་ལས་བྱེད་མི་སྣ་ལས་ཐོབ་པའི་ཨ་མེ་རི་ཁ་ཝུའུ་ཁི་ལན་ནས་གསང་བའི་དམག་དོན་སྐྱེ་དངོས་བྱ་འགུལ་གཉེར་བའི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་བྱེད་བཞིན་ཡོད། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད། ཨུ་རུ་སིའི་དམག་དཔུང་གི་རྫས་འགྱུར་དང་སྐྱེ་དངོས་འགོག་སྲུང་དམག་དཔུང་གི་ཆེད་མཁས་པས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཝུའུ་ཁི་ལན་ནས་སྐྱེ་དངོས་མཚོན་ཆའི་ལྷུ་ལག་གི་ཞིབ་འཇུག་གསར་སྤེལ་བྱ་བར་ཐད་ཀར་ཞུགས་པའི་དོན་དངོས་བདེན་དཔང་རྙེད་ཡོད་ཟེར། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་ཝུའུ་ཁི་ལན་དུ་ཡོད་པའི་སྐྱེ་དངོས་ཚོད་ལྟ་ཁང་དེ་ཉེན་ཁའི་ནད་གཞིའི་ཞིབ་འཇུག་ཙམ་མ་ཡིན། ཡིག་ཆ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གདན་ཞུ་བྱས་པའི་སྨན་རྫས་ཀུང་ཟི་ག་གེ་མོས་ཝུའུ་ཁི་ལན་རྒྱལ་སྲུང་པུའུ་བར་མཉམ་ལས་བྱས་ཏེ། ཝུའུ་ཁི་ལན་གྱི་དམག་མིའི་ལུས་སྟེང་དུ་ཐོ་འགོད་བྱས་མེད་པའི་སྨན་བཀོལ་སྨན་ཁབ་ཚོད་ལྟ་མང་དུ་བྱས་མྱོང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།