ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་སི་རི་ཡཱའི་ཙུང་ཐུང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ། ཙུང་ལི། ཏིས་པེད་ཀྱི་ཚོ་དཔོན་ཨ་ལེ་མཱ་ཁི་ཐུའུ་མུའུ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་ཨ་ལེ་ནཱ་ཧཱ་དབྱང་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་སོ་སོར་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་སི་རི་ཡཱའི་གནས་བབ། དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་སོགས་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཨ་ལེ་མཱ་ཁི་ཐུའུ་མུའུ་ཡིས་ཏིས་པེད་ནས་པཱ་ཧྲ་ཨར་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སི་རི་ཡཱའི་བར་གྱི་ཁྱབ་ཁོངས་སོ་སོར་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ལ། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་ཟེར། 

ཨ་ལེ་ནཱ་ཧཱ་དབྱང་གིས་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་པཱ་ཧྲ་ཨར་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཁོས་ཐེངས་འདིའི་འཚམས་འདྲི་དེ་སི་རི་ཡཱ་དང་ས་ཁུལ་ཧྲིལ་བོའི་ཞི་བདེ་དང་གཏན་འཇགས་ཀྱི་མགོ་རྩོམ་སར་འགྱུར་བར་རེ་ཡོད་ཟེར། ཨ་ལེ་ནཱ་ཧཱ་དབྱང་གིས་ནན་གྱིས་བསྟན་དོན། སི་རི་ཡཱ་ནི་ཨ་རབ་བདེ་འཇགས་ཀྱི་གནད་འགག་ཡིན་ཞིང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སི་རི་ཡཱའི་བར་མཉམ་ལས་བྱས་ཏེ་གཏན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

པཱ་ཧྲ་ཨར་གྱིས་ཨ་ལེ་ནཱ་ཧཱ་དབྱང་ལ་སི་རི་ཡཱའི་གནས་བབ་གསར་བའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་དང་ཕྱི་རྒྱལ་གྱི་དམག་དཔུང་ཕྱིར་འཐེན་བྱེད་པའི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས། 

པཱ་ཧྲ་ཨར་གྱིས་ཉིན་དེའི་འཚམས་འདྲི་མཇུག་སྒྲིལ་རྗེས་ཨ་པུའུ་ཀྲ་པུས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་བྲལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།