ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཧྥེ་ཅིའི་ལྷོ་ངོས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཧྥེ་ཅིའི་ལྷོ་ངོས་ཀྱི་མཚོ་ཁོངས་སུ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་། མིག་སྔར་ད་རུང་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་བསྒྲགས་མེད། 

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཁང་ས་ཡོམ་ཆ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་ཡོམ་ནི་ས་དེའི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་དགུ་དང་སྐར་མ་ཉེར་བཞིའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ལྷོའི་འཕྲེད་ཐིག་ཉེར་ལྔ་དང་གྲངས་ཆུང་གསུམ་གཉིས་བདུན་དང་། ནུབ་ཀྱི་གཞུང་ཐིག་བརྒྱ་དང་དོན་དྲུག་གྲངས་ཆུང་གཉིས་གཅིག་གཉིས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཉེར་གཅིག་ཡོད་ཟེར། 

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འཕྱུར་ཉེན་བརྡ་གཏོང་བའི་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད། 

ཧྥེ་ཅི་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་བསྐོར་བའི་མེ་རིའི་ས་ཡོམ་ཁུལ་དུ་གནས་ཡོད་པ་དང་། སའི་ཤུན་ཕན་ཚུན་ཐོ་བརྒྱབ་པ་ལས་ས་ཡོམ་མང་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།