ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ལ་ས་ཡོམ་བྱུང་ནས་མི3རྐྱེན་ལམ་དུ་ཤོར་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

640.jpg

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། དངོས་སུ་ཚད་འཇལ་བྱས་པ་ལྟར་ན། ཟླ3པའི་ཚེས16ཉིན་གྱི་ཆུ་ཚོད22དང་སྐར་མ34ཡི་སྟེང་། འཇར་པན་པིན་ཀྲུའུ་ཤར་ཕྱོགས་ཀྱི་མཚོ་འགྲམ(བྱང་འཕྲེད་ཚད་ཏུའུ37.62དང་ཤར་གཞུང་ཚད་ཏུའུ141.99)དུ་ས་ཡོམ་རིམ་པ6.0བྱུང་པ་དང་། ཆུ་ཚོད22དངསྐར་མ36གི་སྟེང་། འཇར་པན་པིན་ཀྲུའུ་ཤར་ཕྱོགས་ཀྱི་མཚོ་འགྲམ(བྱང་འཕྲེད་ཚད་ཏུའུ37.65དང་ཤར་གཞུང་ཚད་ཏུའུ141.95)དུ་ས་ཡོམ་རིམ་པ7.4བྱུང་བ་རེད། ཏུང་ཅིན་སོགས་སུ་ཡོམ་ཚོར་མངོན་གསལ་ཡིན་ཞིང་། ཀུང་ཁྲེང་རྫོང་དང་ཧྥུའུ་ཏའོ་རྫོང་དུ་མཚོ་ཡོམ་གྱི་ཉེན་བརྡ་བཏང་འདུག མིག་སྔར་ཏུང་ཅིན་གློག་ཤུགས་ཀུང་སིས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོ་དང་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གཉིས་པ་ས་ཡོམ་གྱི་རྐྱེན་གྱིས་གནོད་སྐྱོན་ཐེབས་ཡོད་མེད་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། འཇར་པན་བྱང་ཤར་གློག་ཤུགས་ཀུང་སིས་ཀུང་ཁྲེང་རྫོང་ཉིའུ་ཁྲོན་ཉིང་རྡུལ་གློག་ཁང་རྒྱུན་གཏན་ཡིན་མིན་ཞིབ་བཤེར་བྱེད་བཞིན་ཡོད།

དེ་རིང་ཞོགས་པར། འཇར་པན་གནམ་གཤིས་སྔོན་བརྡ་ཐིང་གིས་ས་ཡོམ་གྱི་ཚད་རིམ7.3ནས7.4ལ་དག་བཅོས་བྱས་ཡོད་པ་དང་། མིག་སྔའི་བར། ས་ཡོམ་ཁྲོད་མི3རྐྱེན་ལམ་དུ་ཤོར་བ་དང་། མི126ལ་རྨས་ཕོག་ཡོད།  །

图片

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།