ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཀྲུང་གོས་ཕུལ་བའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་སྐོར་དང་པོ་བགོ་འགྲེམ་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས12ཉིན་གྱི་སྔ་དྲོར། ཝུའུ་ཁི་ལན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཝུའུ་ཁི་ལན་ཆེ་ཨེར་ནོ་ཧྥུ་ཚེ་གྲོང་ཁྱེར་གྱི་མཛོད་ཁང་ནས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་ཞབས་འདེབས་སུ་ཕུལ་བའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་སྐོར་དང་པོ་བགོ་འགྲེམ་བྱས། གཙོ་བོ་ས་གདན་དང་བརླན་འགོག་གདན། ལག་ཕྱིས། ཟས་སྣོད། ཆུ་ཟོམ། གློག་བགར་སོགས་ཚུད། དངོས་རྫས་འདི་དག་སྔོན་ལ་གནས་མལ་བྲལ་བའི་ཡུལ་གྱར་བར་རོགས་སྐྱོར་བྱེད་རྒྱུ་རེད།

ཀྲུང་གོས་ཞལ་འདེབས་ཕུལ་པའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཁག་གཉིས་པ་ཝུའ་ཁི་ལན་གྱི་ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས13ཉིན་གྱི་ཕྱི་དྲོར་འབྱོར་རྩིས་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།