འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་གཉིས་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་དང་བཞིར་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་གཉིས་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་དང་བཞིར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་དང་སྐར་མ་ལྔ་བཅུའི་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་ས་ཡ་གཅིག་དང་འབུམ་བདུན་སྟོང་བཞི་ལྔ་བརྒྱ་ཉི་ཤུ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་གཉིས་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་དང་བཞིར་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་བདུན་དང་ལྔ་བརྒྱ་སོ་བདུན་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་ཁྲི་གཉིས་སྟོང་བདུན་ང་དགུར་སླེབས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།