ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་གཏན་ཁེལ་བྱས་པའི་ནད་པ་བསྡོམས་པས450229635ལ་སླེབས་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ3པའི་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་གཏན་ཁེལ་བྱས་པའི་ནད་པ་བསྡོམས་པས450229635ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད17དང་སྐར་མ08(པེ་ཅིང་གི་དུས་ཚོད་ཚེས11ཉིན་གྱི་ཆུ་ཚོད་ཐིག་ལེ་དང་སྐར་མ08)བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་སྔོན་ཉིན་ལས1816925ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ450229635ལ་སླེབས་ཡོད་པ་དང་། ཚེ་འདས་ནད་པ་སྔོན་ཉིན་ལས7163ཇེ་མང་དུ་སོང་སྟེ་བསྡོམས་པས6019085ལ་སླེབས་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།