ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཞེ་ཡུའོ་ལ་ཧན་གོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཀྲུང་དབྱང་འདེམ་བསྐོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་རྒྱལ་དམངས་སྟོབས་ཤུགས་ཏང་གི་འདེམ་སྒུག་པ་དབྱིན་ཞེ་ཡུའོ་ལ་ཧན་གོའི་སྐབས་ཉི་ཤུ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ། 

ས་དེའི་ཚེས་བཅུ་ཉིན་གྱི་དུས་ཚོད་དྲུག་ཡས་མས་སུ། ཧན་གོའི་ཀྲུང་དབྱང་འདེམ་བསྐོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་ཚང་མར་བསྡོམས་རྩིས་བྱས་ཚར་བ་དང་། བསྡོམས་རྩིས་བྱས་པ་ལྟར་ན། དབྱིན་ཞེ་ཡུའོ་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་བརྒྱ་དང་གྲངས་ཆུང་ང་དྲུག་ཡིན་ལ། སྲིད་འཛིན་ཏང་གི་ཐུན་མོང་དམངས་གཙོ་ཏང་གི་འདེམ་སྒུག་པ་ལིས་ཙེ་མན་ཨང་གཉིས་པ་ཡིན་པ་དང་། ཁོའི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་བརྒྱད་གསུམ་རེད། 

ལིས་ཙེ་མེན་གྱིས་ཉིན་དེའི་ཞོགས་པར་གཏམ་བཤད་སྤེལ་ཏེ་རང་ཉིད་ལ་འདེམ་བསྐོའི་ཁྲོད་ཕམ་ཁ་བྱུང་བ་ཁས་ལེན་བྱས་པ་དང་། དབྱིན་ཞེ་ཡུའོ་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན དབྱིན་ཞེ་ཡུའོ་ཡིས་ཁ་བྲལ་དང་འགལ་བ་ལས་བརྒལ་བའི་དུས་རབས་ཤིག་གི་སྒོ་གླེགས་ཡངས་པོར་ཕྱེས་དགོས་པའི་རེ་བ་བཏོན། 

དབྱིན་ཞེ་ཡུའོ་ཡིས་དེའི་རྗེས་སུ་གཏམ་བཤད་སྤེལ་ཏེ། འདེམ་ཤོག་འཕེན་པའི་མཇུག་འབྲས་དེ་ནི་ཧན་གོའི་མང་ཚོགས་ཀྱི་རྒྱལ་ཁ་ཞིག་ཡིན་པའི་ཚུལ་བསྟན་པ་དང་། ཁོས་ཞོར་དུ་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།