ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་ཡིས་དབུ་བཞུགས་བློན་ཆེན་གཞོན་པ་གཉིས་གསར་དུ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ཝེ་ཐིའི་རྒྱལ་རྒྱུད་མུས་ཧྲ་ལེ་ཡིས་ཚེས་དགུ་ཉིན་མགོ་གཙོའི་བཀའ་རྒྱ་བཀོད་དེ། དབུ་བཞུགས་བློན་ཆེན་གཞོན་པ་གཉིས་གསར་དུ་བསྐོ་འཇོག་བྱས་ཏེ་རྒྱལ་སྲུང་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་ལས་འགན་ཞོར་ལ་ཁུར་དུ་བཅུག

ཁི་ཝེ་ཐིའི་འཕྲིན་གཏོང་ཁང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་བཀོད་པའི་མགོ་གཙོའི་བཀའ་རྒྱ་ལས་སོ་སོར་ཐཱ་ལཱ་ལེ་ཧཱ་ལི་ཏི་ཨེ་ཧཱ་མེད་ཏི་དབུ་བཞུགས་བློན་ཆེན་གཞོན་པར་བསྐོ་འཇོག་བྱས་པ་དང་ཞོར་དུ་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་དང་། ཨེ་ཧཱ་མེད་ཏི་ནཱ་ཝ་ཧྥུའུ་དབུ་བཞུགས་བློན་ཆེན་གཞོན་པར་བསྐོ་འཇོག་བྱས་པ་དང་ཞོར་དུ་ནང་སྲིད་བློན་ཆེན་གྱི་འགན་ཁུར་དུ་བཅུག 

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་གཞོན་པ། རྒྱལ་སྲུང་བློན་ཆེན་ཧཱ་མཱ་ཏི་ཅཱ་པུས་ཨར་ཨ་ལི་དང་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་གཞོན་པ། ནང་སྲིད་བློན་ཆེན་ཨེ་ཧཱ་མེད་ཏི་མན་སུའུ་ཨར་གཉིས་ཀྱིས་ལས་ཁུར་དགོངས་ཞུ་བྱས། 

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧཱ་མཱ་ཏི་ཅཱ་པུས་ཨར་ཨ་ལི་ཡིས་ལས་ཁུར་དགོངས་ཞུ་བྱས་པ་དེ་གྲོས་མི་དག་རང་ཉིད་ལ་དོགས་གཞི་ཡོད་པར་འབྲེལ་བ་ཡོད་ཟེར། 

དུས་ཡུན་རིང་བོར། ཁི་ཝེ་ཐིའི་ནེ་ཀི་དང་གྲོས་ཁང་གི་འབྲེལ་བ་ཛ་དྲག་ཡིན་ལ། གྲོས་མི་དག་གིས་ཐེངས་མང་བོར་ནེ་ཀིའི་བློན་ཆེན་ལ་དོགས་པ་ཟོས་མྱོང་བ་དང་། བློན་ཆེན་གྱིས་ལས་ཁུར་དགོངས་ཞུ་བྱས་རྗེས་འབྲེལ་ཡོད་ཀྱི་དོགས་གཞི་དེའང་རང་བཞིན་གྱིས་ནུས་མེད་དུ་འགྱུར་ངེས་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།