ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཀྱི་འགལ་བ་རེ་གཉིས་ཙམ་ལས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མོལ་ཁྲོད། མིག་སྔར་དབྱི་ལིང་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འགལ་བ་རེ་འགའ་ཙམ་ལས་མེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། གལ་ཏེ་ཨ་མེ་རི་ཁའི་བྱེད་ཐབས་ལུགས་མཐུན་ཡིན་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ནས་མྱུར་མོར་གྲོས་མཐུན་འགོད་ཐུབ། དབྱི་ལིང་གིས་གྲོས་མོལ་ལ་ཆེས་མཇུག་མཐའི་དུས་བཅད་བྱེད་པ་དང་ལེན་བྱེད་ཐབས་མེད་ཟེར། 

དབྱི་ལིང་དང་ཨ་མེ་རི་ཁས་ཐད་ཀར་གྲོས་མོལ་བྱེད་སྲིད་མིན་ཐད་ནས་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁའི་བྱ་སྤྱོད་ལ་གཞིགས་ཏེ་ཆོད་དོན་སྤེལ་པ་ལས་མག་མོག་གི་བརྡ་འཕྲིན་གཞི་འཛིན་མི་སྲིད། མིག་སྔའི་བར་དུ་དབྱི་ལིང་གིས་ཨ་མེ་རི་ཁའི་བྱ་སྤྱོད་ལ་འགྱུར་ལྡོག་གང་རུང་ཡོད་པ་མཐོང་མེད། ཨ་མེ་རི་ཁས་ནམ་རྒྱུན་དབྱི་ལིང་མི་དམངས་ལ་ཚད་བརྒལ་གནོན་ཤུགས་སྟེར་བཞིན་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉེ་སྔོན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དེ་ལག་རྩལ་སྒྲོམ་གཞིའི་ནང་སྤེལ་བ་ཡིན། ཕྱོགས་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་པ་དང་། ལས་ཁུངས་དེས་བཏོན་པའི་གནད་དོན་ལ་ལན་སྟེར་དགོས། གནད་དོན་དེ་དག་གི་ཐག་གཅོད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་པའི་བར་ཐད་ཀར་འབྲེལ་བ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།