ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁི་དབྱེ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཨུ་རུ་སི་དཀར་པོ་ཡིས་ཕྱོགས་ཡོངས་ནས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

མཱ་ཁི་དབྱེ་ཡིས་ཉིན་དེར་རྒྱལ་ས་མེན་སི་ཁི་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སི་དཀར་པོ་ཕྱོགས་དང་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

མཱ་ཁི་དབྱེ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཨུ་རུ་སི་དཀར་པོའི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། ཨུ་རུ་སི་དཀར་པོས་ཀྲུང་གོའི་བར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོ་དེ་ཨུ་རུ་སི་དཀར་པོར་མཚོན་ན་ཚོང་ར་ཆེན་པོ་ཞིག་ཡིན་ལ། ཨུ་རུ་སི་དཀར་པོ་ཡིས་རང་ལ་ཚོང་རའི་སྒོ་ཆེན་ཡངས་པོར་ཕྱེས་པའི་ཀྲུང་གོའི་བར་མཉམ་ལས་བྱེད་འདོད་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་། ཉིས་སྟོང་ཉེར་གཅིག་ལོར་ཨུ་རུ་སི་དཀར་པོས་ཀྲུང་གོར་ཕྱིར་གཏོང་བྱས་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མིག་སྔར་བྱེ་བྲག་གི་རྣམ་གྲངས་རེ་འགར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

མཱ་ཁི་དབྱེ་ཡིས་ཉིན་དེར་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་དང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན། མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བ། ནུབ་ཕྱོགས་ཀྱི་བཀག་སྡོམ་སོགས་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།