ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་ཨུ་རུ་སིའི་བར་བདེ་འཇགས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྩིས་ཡོད་པ་ནི་བྱ་སྤྱོད་ལེགས་པོ་ཞིག་ཡིན་པར་བསམ་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་བལྟས་ན་ཨ་མེ་རི་ཁས་ཨུ་རུ་སིའི་བར་བདེ་འཇགས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྩིས་ཡོད་པ་ནི་བྱ་སྤྱོད་ལེགས་པོ་ཞིག་ཡིན་པར་བསམ་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཨུ་རུ་སིའི་བདེ་འཇགས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྩིས་ཡོད་པའི་ཚུལ་བསྟན་པ་ནི་བྱ་སྤྱོད་ལེགས་པོ་ཞིག་ཡིན་པར་བསམ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་འཕེལ་རིམ་མགོ་རྩོམ་པར་རེ་བཞིན་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ལུགས་མཐུན་དུ་འདོད་པ་དང་ཨུ་རུ་སིའི་ཕྱོགས་ཀྱིས་གཙོ་བོར་མཐོང་བ་དེ་གཉིས་ཟུང་དུ་སྦྲེལ་ནས་གྲོས་བསྡུར་བྱེད་དགོས་པར་འདོད། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འབྲེལ་འདྲིས་ཀྱི་གནད་འཚོལ་ཞིབ་བྱས་ཏེ་ཕྱོགས་གཉིས་ཀྱི་ལངས་ཕྱོགས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། 

ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཧྥོ་ལན་སཱ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་དང་མཉམ་དུ་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་དེ་ཤོར་དུ་འཇུག་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།