ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཆབ་སྲིད་གསལ་སྒྲོག་གི་རྣམ་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དམ་བཅའ་ཁྱབ་སྒྲོག་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉེ་སྔོན་བསྟན་དོན། དབྱི་ལིང་གིས་ཕྱོགས་གང་རུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་མི་འབུད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཆབ་སྲིད་གསལ་སྒྲོག་གི་རྣམ་པས་གྲོས་མཐུན་སླར་གསོ་བྱེད་པའི་དམ་བཅའ་ཁྱབ་སྒྲོག་བྱེད་དགོས་པའི་གྲོས་གཞི་བཏོན། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉེ་སྔོན་དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གིས་རེ་བཞིན་པའི་ཁག་ཐེག་རེ་བ་བསྐང་མེད་ཟེར། དབྱི་ལིང་གི་སྤྱི་བའི་གླེང་ཕྱོགས་ཀྱིས་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པའི་གཏམ་བརྗོད་དེ་ཁག་ཐེག་ཏུ་བྱེད་པ་དང་ལེན་བྱེད་ཐབས་མེད་པ་དང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཆབ་སྲིད་གསལ་སྒྲོག་གི་རྣམ་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དམ་བཅའ་ཁྱབ་སྒྲོག་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བཞིན་པའི་གྲོས་མཐུན་སླར་གསོའི་གྲོས་མོལ་ལ་དབྱི་ལིང་གིས་སྤྱི་ཕྱོགས་ནས་སྤྲོ་དགའ་དང་རེ་བལྟོས་བྱེད་པའི་རྣམ་འགྱུར་བཟུང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།