ཀྲུང་གོ་བོད་ཀྱི་དྲ་བ།

ཀུའེ་ཐི་མ་ལ་ནུབ་ལྷོའི་ཕྱོགས་སུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀུའེ་ཐི་མ་ལ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ2པའི་ཚེས16ཉིན། ཀུའེ་ཐི་མ་ལ་ནུབ་ལྷོའི་མཚོ་རྒྱུད་ས་ཁུལ་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་ཞིང་། མིག་སྔའི་བར་མི་གཅིག་རྐྱེན་ལམ་དུ་ཤོར་འདུག 

ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་ས་ཡོམ་དང་མེ་རི། གནམ་གཤིས། ཆུ་བེད་ཅུའུ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ས་གནས་དེ་གའི་དུས་ཚོད་ཟླ2པའི་ཚེས16ཉིན་གྱི་ཆུ་ཚོད1དང་སྐར་མ12(པེ་ཅིང་གི་ཆུ་ཚོད15དང་སྐར་མ12)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ཨེ་སི་ཁུན་ཐུ་ལ་གྲོང་ཁྱེར་ནུབ་ཕྱོགས་ཀྱི་སྤྱི་ལེ84མཚམས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་ངོགས་ས་ཁུལ་དུ་བྱུང་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ36རེད། དེ་རྗེས་ཡོམ་འཕྲོ་ཐེངས་མང་བྱུང་། 

ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་གནོད་འཕྲི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར་ས་ཡོམ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་ཞིང་། སྡོད་ཁང་མང་པོར་གནོད་སྐྱོན་ཐེབས་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།