ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་ཚེས་བདུན་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། དཔལ་འབྱོར་དང་འཆར་འགོད། མཉམ་ལས་བཅས་ཀྱི་པུའུ་ཀྲང་ཧྥེ་ལིས་ཁུ་སི་མའོ་ལུའུ་ཝ་ཙུང་ལི་གསར་བར་བསྐོ་འཇོག་བྱས། 

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་སྨྱན་བྱད་དག་གིས་བསྒྲགས་པ་ལྟར་ན། ན་ནིང་ཟླ་དྲུག་པ་ནས་བཟུང་ཙུང་ལིའི་འགན་ཁུར་བའི་ཏུང་ཏི་ལཱ་ཡིས་གཟའ་འཁོར་སྔོན་མར་ཐུའུ་ཝ་ཏི་ལཱ་ལ་ལས་འགན་མི་ཁུར་བའི་དགོངས་ཞུ་བྱས་པ་དང་། དེའི་ལས་འགན་ཁུར་ཡུན་ལོ་གཅིག་ཀྱང་འགོར་མེད། 

མིག་སྔའི་བར་དུ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་ཕྱོགས་ཀྱིས་ཏུང་ཏི་ལཱ་ཡིས་ལས་འགན་མི་ཁུར་བའི་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གསལ་བོར་བསྒྲགས་མེད། 

ཉེ་བའི་ལོ་འགའི་རིང་ལ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ཟང་ཟིང་ཡིན་ཞིང་། ས་གནས་དྲག་ཆས་རྩ་འཛུགས་བར་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པ་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཇབ་རྒོལ་དོན་རྐྱེན་ཡང་ཡང་བཟོ་བ་སོགས་ལས་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཉིས་སྟོང་བཅུ་བཞིའི་ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱལ་ཁབ་དེའི་དྲག་ཆས་རྩ་འཛུགས་བཅུ་བཞི་ཡིས་རྒྱལ་ས་པན་ཅི་ནས་ཞི་བདེའི་གྲོས་མཐུན་དངོས་སུ་བཀོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།