ཀྲུང་གོའི་སྲིད་གཞུང་དང་ཨ་ཀིན་ཐེན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥུན་དང་ཨ་ཀིན་ཐེན་གྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཉོ་ཚོང་། ཆོས་ལུགས་ལས་དོན་བཅས་ཀྱི་པུའུ་ཀྲང་ཁཱ་ཧྥེ་ལོ་ཡིས་ཉེ་སྔོན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་ཀིན་ཐེན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་བཀོད་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། མཉམ་དུ་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་འབྲེལ་འདྲིས་དང་སྒྲིག་ཆས་མཉམ་སྦྲེལ། ཉོ་ཚོང་བཀག་མེད། དངུལ་རྩའི་མཉམ་འབྲེལ། དམངས་སེམས་གཅིག་མཐུན། ཕྱོགས་གསུམ་པའི་ཚོང་ར་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་སྤེལ་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གོ་སྐབས་གསར་བ་སྔོག་འདོན་བྱེད་པ་དང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།