ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བདེ་འཇགས་འགན་སྲུང་བསམ་འཆར་ལ་ལན་འདེབས་སྐབས་ཨུ་རུ་སིའི་རྩ་དོན་རང་བཞིན་གྱི་དོ་ཁུར་སྣང་མེད་དུ་བྱས་འདུག་ཟེར།

    སྤེལ་དུས། : 2022-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བདེ་འཇགས་འགན་སྲུང་བསམ་འཆར་ཐད་ལན་བཏབ་པ་དེས་ཨུ་རུ་སིའི་རྩ་དོན་རང་བཞིན་གྱི་དོ་ཁུར་སྣང་མེད་དུ་བྱས་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མོ་སི་ཁོར་འཚམས་འདྲིར་ཡོང་བའི་སུ་རི་ཡའི་ཙུང་ལི་ཨོ་ཨར་པན་ལ་ཐུག་འཕྲད་བྱས་རྗེས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བདེ་འཇགས་འགན་སྲུང་བསམ་འཆར་ལ་ཡིག་ཐོག་གི་ལན་སྤྲད་པར་དབྱེ་ཞིབ་ནན་མོ་བྱེད་བཞིན་ཡོད་ལ། ད་ལྟ་གཏན་ཁེལ་བྱས་ཆོག་པ་ནི་ཨུ་རུ་སིའི་རྩ་དོན་རང་བཞིན་གྱི་དོ་ཁུར་ལ་སྣང་མེད་བྱས་པ་དེ་རེད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཕྱོགས་ལ་གནད་འགག་གི་རེ་འདུན་གསུམ་ཡོད་དེ། བྱང་ཆིངས་རྒྱ་བསྐྱེད་མཚམས་འཇོག་པ་དང་ཨུ་རུ་སིའི་མཐའ་མཚམས་སུ་རྒོལ་རྡུང་མཚོན་ཆ་བཀོད་སྒྲིག་བྱེད་མཚམས་འཇོག་པ། བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་དུ་ཡོད་པའི་དམག་དོན་རྨང་གཞིའི་སྒྲིག་ཆས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་གཅིག་དགུ་གོ་བདུན་ལོར་རྨང་གཞི་འབྲེལ་བའི་ཡིག་ཆ་འགོད་པའི་སྐབས་ཀྱི་རྣམ་པར་སླར་གསོ་བྱེད་པ་བཅས་ཡིན་མོད། འདི་དག་ཡིག་ངོས་ཀྱི་ལན་བཏབ་པའི་སྣང་མེད་དུ་བཞག་འདུག་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།