ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་དཔོན་པོ་ཕེ་ལོ་ཞི་ཡིས་བརྙན་རིས་ཀྱི་ལམ་ནས་ལའེ་ཆིན་ཏི་ལ་ཐུག་འཕྲད་བྱས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཚེས་སུམ་ཅུ་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་དཔོན་པོ་ཕེ་ལོ་ཞི་ཡིས་བརྙན་རིས་ཀྱི་ལམ་ནས་ལའེ་ཆིན་ཏི་ལ་ཐུག་འཕྲད་བྱས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པས་ཁོ་ལ་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ལའེ་ཆིན་ཏི་རྒྱལ་ཁོངས་བརྒལ་ནས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ་ཐོན་སྐབས་བརྙན་རིས་ཀྱི་ལམ་ནས་ཨ་མེ་རི་ཁའི་དམངས་གྲོས་དཔོན་པོ་ཕེ་ལོ་ཞི་ལ་ཐུག་འཕྲད་བྱས་འདུག་ཟེར། ཀྲུང་གོ་ཕྱོགས་ཀྱིས་དེར་ལྟ་སྟངས་ཅི་ཞིག་བཟུང་ཡོད་ཅེས་དྲིས་པ་ན།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཀྲུང་གོས་ཨ་མེ་རི་ཁ་དང་ཐེ་ཝན་གྱིས་དཔོན་ཕྱོགས་ཀྱི་འགྲོ་འོང་གང་རུང་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ལ། ལའེ་ཆིན་ཏི་རྒྱལ་ཁོངས་ལས་བརྒལ་ནས་ཨ་མེ་རི་ཁར་ཐོན་སྐབས་ཨ་མེ་རི་ཁའི་གྲོས་མི་སོགས་ལ་བརྙན་རིས་ཀྱི་ལམ་ནས་ཐུག་འཕྲད་བྱས་པའི་སྐོར་ནས་ཨ་མེ་རི་ཁའི་ཕྱོགས་ལ་གཟབ་ནན་གྱིས་འབྲེལ་འདྲིས་བྱས་ཡོད། ང་ཚོས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་ཐག་གཅོད་བརྩི་སྲུང་བྱས་ཏེ། ཨ་མེ་རི་ཁ་དང་ཐེ་ཝན་གྱི་དཔོན་ཕྱོགས་འགྲོ་འོང་གི་ནོར་འཁྲུལ་བྱ་སྤྱོད་མཚམས་བཞག་ནས། ཐེ་ཝན་རང་བཙན་ཟེར་བའི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་ཅི་ཡང་མི་སྟོན་རྒྱུ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐེ་ཝན་གྱི་ཞི་བདེ་གཏན་འཇགས་ལ་སྔར་ལས་གནོད་མི་སྐྱེལ་རྒྱུའི་འབོད་སྐུལ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།