ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་མི་ཆོས་རིང་ལུགས་ཀྱི་དམིགས་ཡུལ་ལ་གཞིགས་ཏེ་ཨ་མེ་རི་ཁ་དང་མཉམ་དུ་བཀག་འཇུག་མི་སྣའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། དབྱི་ལིང་གིས་མི་ཆོས་རིང་ལུགས་ཀྱི་དམིགས་ཡུལ་ལ་གཞིགས་ཏེ་ཨ་མེ་རི་ཁ་དང་མཉམ་དུ་བཀག་འཇུག་མི་སྣའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་མ་སྤེལ་གོང་དང་གྲོལ་མོལ་བྱེད་པའི་བརྒྱུད་རིམ་ཁྲོད། དབྱི་ལིང་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་བཀག་འཇུག་མི་སྣའི་གནད་དོན་ཐག་གཅོད་བྱེད་པ་དེ་རྒྱུན་པར་དབྱི་ལིང་གི་གྲོས་རིམ་ནང་བཞག་ཡོད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་བཀོད་ཟིན་པའི་འབྲེལ་ཡོད་གྲོས་མཐུན་བརྩི་སྲུང་བྱས་ན། མི་ཆོས་རིང་ལུགས་ཀྱི་གནད་དོན་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་ཐུབ་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་དང་བཀག་འཇུག་མི་སྣའི་གནད་དོན་གྱི་གྲོས་མོལ་ནི་ཐབས་ལམ་མི་འདྲ་བ་གཉིས་ཡིན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་འཐད་པ་ཡིན་ན། དུས་ཡུན་ཐུང་ངུའི་ནང་གནད་དོན་དེ་གཉིས་ཐག་གཅོད་བྱེད་པའི་ཐད་ནས་གཏན་འཇགས་དང་ཡིད་རྟོན་རུང་བའི་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་གཏན་འཇགས་དང་ཡིད་རྟོན་རུང་བའི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་པ་དང་། གནས་སྐབས་ཀྱི་གྲོས་མཐུན་དེ་དབྱི་ལིང་གི་གྲོས་རིམ་ནང་གཏན་ནས་བྱུང་མྱོང་མེད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་གི་དབྱི་ལིང་ལས་དོན་གྱི་ཆེད་མངག་ཕོ་ཉ་མཱ་ལེ་ཡིས་ཉེ་སྔོན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁའི་མི་བཞི་དབྱི་ལིང་གིས་མི་གཏའ་རུ་བཀག་འཇུག་བྱས་ཡོད་པའི་གནས་ཚུལ་འོག ཨ་མེ་རི་ཁ་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ལོག་པར་བསམ་བློ་གཏོང་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།