ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཧན་ཉམ་ཐག་མི་སེར་ལས་དོན་པུའུ་ཡིས་ཀྲུང་གོའི་རོགས་སྐྱོར་བཟའ་འབྲུ་བགོ་བཤའ་རྒྱག་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ1པོའི་ཚེས22ཉིན་ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པུར་རུ་ཀྲུང་གོ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་བཟའ་འབྲུ་དགོས་གལ་ཆེ་བའི་ཞིང་ཆེན10ལ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས22ཉིན། ཨ་ཧྥུ་ཧན་གནས་སྐབས་སྲིད་གཞུང་ཉམ་ཐག་མི་སེར་ལས་དོན་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན34ལ་ཉེ་ལམ་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་གནང་བའི་བཟའ་འབྲུ་སྐོར་ཐེངས་དང་པོ་བགོ་བཤའ་བརྒྱབས། ཨ་ཧྥུ་ཧན་གནས་སྐབས་སྲིད་གཞུང་ཉམ་ཐག་མི་སེར་ལས་དོན་པུའུ་ཡི་མགྲིན་ཚབ་པ་ཧཱ་ཨར་ཁཱ་ཉི་ཡིས་ཚེས22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་སྐབས། སྐོར་ཐེངས་དང་པོའི་བཟའ་འབྲུ་རྣམས་དགོས་གལ་ཆེ་བའི་ཞིང་ཆེན10ལ་དབོར་འདྲེན་བྱེད་བཞིན་ཡོད་ལ། གཞན་རྣམས་ཞིང་ཆེན་གཞན་དག་ལ་དབོར་འདྲེན་བྱ་རྒྱུ་ཡིན་ཞེས་བཤད། ཉེ་ལམ། ཨ་ཧྥུའུ་ཧན་གྱི་ས་ཆ་མང་པོ་ཞིག་གི་ཉམ་ཐག་མི་སེར་རྣམས་ལ་སྔ་རྗེས་སུ་ཀྲུང་གོ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཐོབ་པ་རེད། །

པར་འདི་ནི་ཟླ1པོའི་ཚེས22ཉིན་ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པུར་རུ་ཀྲུང་གོ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་བཟའ་འབྲུ་དགོས་གལ་ཆེ་བའི་ཞིང་ཆེན10ལ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ1པོའི་ཚེས10ཉིན་ཨ་ཧྥུ་ཧན་གྱི་བྱང་ཕྱོགས་ཧྥ་ལི་ཡ་པུ་ཞིང་ཆེན་དུ་ས་གནས་མང་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ལེན་བཞིན་པའི་རྣམ་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།