ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ར་ཀུའེ་ཡི་ཙུང་ཐུང་ལ་པྲོག་གསར་གློ་ཚད་ཀྱི་དཔྱད་འབྲས་གདགས་གཤིས་མངོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཨེ་སུན་སིན་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཟླ1པོའི་ཚེས18ཉིན། ཕ་ར་ཀུའེ་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཁབ་དེའི་ཙུང་ཐུང་པའེ་ཉི་ཐུ་སུ་ལ་ཉིན་དེའི་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་པར་བཤད།

ཕ་རུ་ཀུའེ་འཕྲོད་བསྟེན་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར། ཚེས18ཉིན་པའེ་ཉི་ཐུ་སུ་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་མོད། ནད་རྟགས་ཅུང་ཡངས་སྟབས་རྒྱལ་ཁབ་དེའི་འཕྲོད་བསྟེན་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལྟར་ལོག་བཀར་བྱ་རྒྱུ་རེད། 

གསར་འགྱུར་ལྟར་ན། པའེ་ཉི་ཐུ་སུ་ཡི་ལྕམ་མོ་ལ་ཚེས16ཉིན་པྲོག་གསར་གློ་ཚད་ཀྱི་ནད་དུག་ཕོག་པ་གཏན་ཁེལ་བྱས་ཤིང་། དེ་སྔོན་ཁྱོ་ཤུག་གཉིས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐེངས་གཉིས་ལ་བརྒྱབ་ཡོད་པ་རེད། 

ཕ་ར་ཀུའེ་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔའི་བར་རྒྱལ་ཁབ་དེར་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་གཏན་ཁེལ་ནད་པ་ཁྲི50ལས་བརྒལ་ཞིང་། ཚེ་འདས་ནད་ཁྲི1.7ལྷག་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།