ཧྥིན་ལན་གྱི་རིག་གནས་པུའུ་ཀྲང་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་ཐག་བཅད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥིན་ལན་གྱི་ལུས་རྩལ་གཙོ་གཉེར་སྡེ་ཁག་ཧྥིན་ལན་སློབ་གསོ་རིག་གནས་པུའུ་ཡི་ཚན་རིག་རིག་གནས་པུའུ་ཀྲང་ཁུའུ་ཨར་ཝེ་ཉིན་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན།   ཁོ་ཟླ་གཉིས་པའི་ནང་ཀྲུང་གོར་ཡོང་ནས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

ཁུའུ་ཨར་ཝེ་ཉིན་གྱིས་ཚེས་བཅུ་བདུན་ཉིནཧྥིན་ལན་རྒྱལ་ཁབ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།  དེ་ནི་ལོ་བཞིའི་ནང་ཐེངས་གཅིག་སྤེལ་བཞིན་པའི་དགུན་དུས་ཀྱི་ལུས་རྩལ་སྦྱོང་བརྡར་གྱི་འགྲན་ཚོགས་གལ་ཆེན་ཞིག་ཡིན།   ལུས་རྩལ་པ་དང་ལུས་ཕུང་སྦྱོང་བརྡར་ལ་དགའ་བའི་མིར་མཚོན་ན།  དེ་ནི་དགུན་དུས་སྦྱོང་བརྡར་གྱི་དོན་ཆེན་ཞིག་ཡིན་ཟེར།

ཁུའུ་ཨར་ཝེ་ཉིན་གྱིས་བསྟན་དོན།   རྒྱུན་སྲོལ་ལྟར་ན།   ཧྥིན་ལན་གྱི་ལུས་རྩལ་གྱི་འགན་ཁུར་བའི་པུའུ་ཀྲང་ཚང་མ་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་དགོས།  ཁོས་ད་རུང་བསྟན་དོན།   ཧྥིན་ལན་གྱིས་སྔར་ནས་བཟུང་ལུས་རྩལ་འགྲན་ཚོགས་ལ་བཀག་འགོག་བྱེད་མ་མྱོང་།   ཁོས་བལྟས་ན།  ཧྥིན་ལན་གྱི་འཐུས་ཚབ་པ་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་ནི་འགྲན་ཚོགས་དེར་བརྩི་མཐོང་བྱས་པ་ཡིན་ལ།   ཧྥིན་ལན་གྱི་ལུས་རྩལ་པར་བརྩི་བཀུར་བྱས་པའང་ཡིན་པར་འདོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།