ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཀྱི་གནད་འགག་གི་གྲོས་དོན་ལ་ཆབ་སྲིད་ཀྱི་བརྡར་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ལ་ཕྱོགས་མང་པོའི་ཐད་ནས་ངོས་འཛིན་གཅིག་མཐུན་བྱུང་མོད། འོན་ཀྱང་དབྱི་ལང་གི་བཀག་སྡོམ་མེད་པར་གཏོང་བ་སོགས་གནད་འགག་གི་གནད་དོན་ད་རུང་ཐག་གཅོད་བྱེད་ཐུབ་མེད་པ་དང་།   ཨ་མེ་རི་ཁས་ཆབ་སྲིད་ཀྱི་བརྡར་གཅོད་བྱེད་རྒྱུ་ལྷག་ཏུ་གལ་ཆེ་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན།   གྲོས་མོལ་གྱི་ཕྱོགས་སོ་སོའི་འཐུས་མིའི་བར་དུ་ཕྱོགས་མང་པོའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་དང་།  མིག་སྔར་གཅིག་མཐུན་གྱི་ངོས་འཛིན་དེ་དག་ཡིག་ཐོག་གི་རྣམ་པར་སྒྱུར་བཞིན་ཡོད།    འོན་ཀྱང་དབྱི་ལང་གི་བཀག་སྡོམ་མེད་པར་གཏོང་བ་སོགས་གནད་དོན་གལ་ཆེན་དག་ད་རུང་ཐག་གཅོད་བྱེད་ཐུབ་མེད་པ་དང་།   ཨ་མེ་རི་ཁས་ཆབ་སྲིད་ཀྱི་བརྡར་གཅོད་བྱེད་རྒྱུ་ལྷག་ཏུ་གལ་ཆེ།   དེས་གྲོས་མོལ་ཐད་ཡིད་རྟོན་རུང་བ་དང་ཡུན་རིང་གི་གྲོས་མཐུན་ཞིག་འགོད་ཐུབ་པར་སྐུལ་འདེད་གཏོང་ཐུབ་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་དེ་སྔོན་ཨ་མེ་རི་ཁ་དང་དབྱི་ལང་གིས་དུས་བཅད་ལྟར་གྲོས་མོལ་སླར་གསོ་བྱེད་པའི་ཐད་ཀྱི་གཏམ་བརྗོད་ལ་དམིགས་ནས་ཧ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར།   ཨ་མེ་རི་ཁས་རང་འགུལ་གྱི་བྱེད་ཐབས་སྤྱད་དེ་དོན་དངོས་ལ་དམིགས་པའི་ཇུས་གཞི་ཞིག་འགོད་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།