ཀྲུང་གོས་སི་རི་ཡར་བྲེལ་མྱུར་རོགས་སྐྱོར་བྱས་པའི་འབྲུ་རིགས་སྤྲོད་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་སི་རི་ཡར་བྲེལ་མྱུར་རོགས་སྐྱོར་བྱས་པའི་འབྲུ་རིགས་སྤྲོད་ལེན་མཛད་སྒོ་དེ་ཚེས་བཅུ་དྲུག་ཉིན་སི་རི་ཡའི་རྒྱལ་ས་ཏ་མཱ་སི་ཁོ་ནས་བསྡུས། སི་རི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥིན་པེའོ་དང་སི་རི་ཡའི་ཨ་རབ་ཟླ་གསར་དམར་པོ་ཚོགས་པའི་ཀྲུའུ་ཞི་ཧ་མཱ་ཏི་ཧུ་པུའུ་པཱ་ཐིས་གཉིས་མཛད་སྒོར་ཞུགས་པར་མ་ཟད་སྤྲོད་ལེན་དཔང་ཡིག་སྟེང་མིང་བཀོད།

ཧྥིན་པེའོ་ཡིས་སྤྲོད་ལེན་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོས་སི་རི་ཡར་དམ་བཅས་པའི་འབྲུ་རིགས་བྲེལ་མྱུར་རོགས་སྐྱོར་ཡོངས་སུ་སྤྲོད་ལེན་བྱས་པ་དེས་ཀྲུང་གོའི་མི་དམངས་ཀྱིས་སི་རི་ཡའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ལ། རོགས་སྐྱོར་བྱས་པའི་འབྲུ་རིགས་དེ་དག་གིས་སི་རི་ཡའི་དམངས་ཚིས་དཀའ་གནད་ཐག་གཅོད་པར་ནུས་པ་བཟང་པོ་འདོན་ཐུབ་རྒྱུ་ནི་རེ་བ་ཡིན། ཀྲུང་གོས་རྗེས་ཕྱོགས་སི་རི་ཡར་རང་ནུས་ཅི་ལྕོགས་ཀྱིས་མི་ཆོས་རོགས་སྐྱོར་སྔར་ལས་མང་པོ་བྱ་རྒྱུ་ཡིན་ཟེར།

ཧུ་པུའུ་པཱ་ཐིས་ཀྱིས་ཀྲུང་གོས་སི་རི་ཡར་འབྲུ་རིགས་ཀྱིས་བྲེལ་མྱུར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སི་རི་ཡ་རུ་ཉེན་ཚབས་བྱུང་བའི་ཚུན་ལ། ཀྲུང་གོས་སི་རི་ཡར་མི་ཆོས་ཀྱི་རོགས་སྐྱོར་མང་པོ་བྱས་པ་དང་། སི་རི་ཡའི་མི་དམངས་ཀྱིས་དེ་སེམས་ལ་བརྟན་པོར་བཟུང་ཡོད། སི་རི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་འགྲོ་རྒྱུ་དང་། སི་རི་ཡར་ཀྲུང་གོའི་རོགས་སྐྱོར་སྔར་ལས་མང་པོ་ཐོབ་རྒྱུ་ནི་རེ་བ་ཡིན་ཟེར།

ཉིས་སྟོང་ཉེར་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་རྗེས། ཀྲུང་གོ་སྲིད་གཞུང་གིས་ཐབས་ལམ་སྣ་མང་སྤྱད་དེ་སི་རི་ཡ་ལ་མི་ཆོས་རོགས་སྐྱོར་བྱེད་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོས་ཐེངས་མང་པོར་སི་རི་ཡར་འགོག་ཁབ་དང་སྨན་བཅོས་སྒྲིག་ཆས་སོགས་རིམས་འགོག་དངོས་རྫས་ཀྱིས་རོགས་སྐྱོར་བྱས་མྱོང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།