ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་ས་རུ་གས་གཏོར་དོན་རྐྱེན་བྱུང་སྟེ་མི2ལ་རྨས་ཕོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས16ཉིན། དབྱི་རག་གི་རྒྱལ་ས་པ་ཁུ་ཏ་གྲོང་ཁྱེར་གྱི་ལྟེ་བ་རུ་གས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི2ལ་རྨས་ཕོག་པ་རེད། 

བདེ་འཇགས་ཆ་འཕྲིན་ལ་འགན་འཁུར་བའི“དབྱི་རག་བདེ་འཇགས་སྨྱན་བྱད་ལྟེ་གནས”ཀྱིས་ཉིན་དེའི་དགོང་མོར་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཤད་རྒྱུར། གས་གཏོར་དོན་རྐྱེན་ཐེངས་གཉིས་པོ་དེ་ཕལ་ཆེར་དུས་མཉམ་དུ་བྱུང་ཞིང་། དོན་རྐྱེན་བྱུང་གནས་དེ་པ་ཁུ་ཏ་གྲོང་ཁྱེར་གྱི་ལྟེ་བ་ཁཱ་ལ་ཏ་ས་ཁུལ་གྱི་དངུལ་ཁང་གཉིས་ཀྱི་ཉེ་འགྲམ་དུ་བྱུང་བ་རེད། གས་གཏོར་དོན་རྐྱེན་ལས་དབྱི་རག་གི་མི2ལ་རྨས་ཡངས་མོ་ཕོག་པས། བདེ་འཇགས་སྡེ་ཁག་གིས་ཐེངས་འདིའི་གས་གཏོར་དོན་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་རེད། 

དབྱི་རག་གི་སྲིད་འཛིན་སཱ་ལི་ཧུ་ཡིས་སྨྱན་བྱད་སྟེང་གས་གཏོར་དོན་རྐྱེན་ལ་རྒོལ་གཏམ་བཏང་སྟེ། འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་འཇིགས་སྣང་སྐུལ་བའི“འཇིགས་སྐུལ་རིང་ལུགས་ཀྱི་ཉེས་གསོག་བྱ་སྤྱོད”ཅིག་རེད་ཅེས་བཤད། 

མིག་སྔར། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེངས་འདིའི་གས་གཏོར་དོན་རྐྱེན་བསླངས་བ་ཁས་ལེན་བྱེད་ཀྱིན་མེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།