ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཕྱོགས་ཀྱིས་ཡེ་མིན་གདོང་གཏུག་གི་ཕྱོགས་སོ་སོས་མྱུར་དུ་དྲག་རྒོལ་མཚམས་འཇོག་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་བཅུ་གཉིས་ཉིན་བཤད་དོན། སྔ་མོ་ནས་གདོང་གཏུག་མཇུག་རྫོགས་པ་ནི་སྔར་ལས་མང་པོའི་ཚེ་སྲོག་སྐྱོབ་རྒྱུའི་ཆེད་ཡིན་པས། ཡེ་མིན་གདོང་གཏུག་གི་ཕྱོགས་སོ་སོས་མྱུར་དུ་དྲག་རྒོལ་མཚམས་བཞག་སྟེ་བཟོད་སྒོམ་ཆེན་པོ་བྱེད་རྒྱུ་སྲུང་འཛིན་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གནས་བབ་ཛ་དྲག་ཏུ་འགྲོ་བ་དང་རིམ་པ་འཕར་བར་བྱེད་པའི་འགུལ་སྐྱོད་དང་གཡོལ་ཐབས་བྱེད་དགོས་ཟེར།

ཏའེ་པེན་གྱིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མིན་གནད་དོན་ཁྱབ་སྒྲོག་ཚོགས་འདུའི་སྟེང་བཤད་དོན། འདས་པའི་དུས་སྐབས་ཤིག་ལ། ཡེ་མིན་གྱི་གནས་བབ་རྒྱུན་མཐུད་སྒོས་ཛ་དྲག་ཏུ་སོང་བ་དང་གདོང་གཏུག་ཕྱོགས་སོ་སོའི་བར་གྱི་འགུལ་སྐྱོད་རིམ་འཕར་བྱུང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐའ་གཅིག་ཏུ་སེམས་ཁུར་བྱེད་ཀྱིན་ཡོད། ལོ་གསར་པ་ཐོན་ལ་ཡོད་པའི་སྐབས་འདིར། ཡེ་མིན་མི་དམངས་ཀྱིས་མ་འོངས་པར་ཡིད་ཆེས་དང་རེ་བ་ཆེན་པོ་བྱས་ཡོད། ཡེ་མིན་ཕྱོགས་སོ་སོས་ཆབ་སྲིད་ཀྱི་འདུན་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་སྒོས་བསམ་འཆར་བརྗེ་རེས་བྱེད་པ་དང་། དངོས་ཡོད་ཀྱི་ལག་བསྟར་བྱེད་རུང་བའི་ཆབ་སྲིད་ཐད་ཀྱི་ཐག་གཅོད་ཇུས་གཞི་སྔ་མོ་ནས་གཏན་འཁེལ་བྱེད་དགོས། ཡེ་མིན་གནད་དོན་དེ་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་འབྲེལ་བ་ཡོད་པ་དང་། ས་གནས་གནས་བབ་ཀྱིས་ཀྱང་ཡེ་མིན་གནས་བབ་ལ་ཤུགས་རྐྱེན་བཟོ་ངེས། ཀྲུང་གོ་ཕྱོགས་ཀྱིས་ས་གནས་རྒྱལ་ཁབ་ཀྱིས་ཡེ་མིན་གྱི་གནད་དོན་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་པའི་རེ་འབོད་བཏོན་པ་དེ་ཕྱོགས་སོ་སོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།