ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་ལྔ་དགུ་བརྒྱ་རེ་བདུན་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་ལྔ་དགུ་བརྒྱ་རེ་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བཅུ་དགུ་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་ས་ཡ་གཉིས་དང་འབུམ་དགུ་ཁྲི་བདུན་སྟོང་ལྔ་གོ་བཞི་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་ལྔ་དགུ་བརྒྱ་རེ་བདུན་ལ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་བརྒྱད་དགུ་བརྒྱ་དང་བཞི་ཇེ་མང་དུ་སོང་སྟེ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་ལྔ་དང་འབུམ་ལྔ་ཁྲི་གཅིག་བརྒྱ་དང་དོན་བཞི་ལ་སླེབས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།