ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་བཞི་བའི་འབུམ་དཔོན་རིམ་པའི་གྲོས་མོལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་དང་རྒྱ་གར་གྱིས་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་མའོ་ཨར་ཏའོ་གྲོས་མོལ་བྱེད་སའི་ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་བཞི་བའི་འབུམ་དཔོན་རིམ་པའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་པ་དང་། མིག་སྔའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནས་བབ་སྤྱི་ཕྱོགས་ནས་གཏན་འཇགས་ཡིན་ལ། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་དང་དམག་དོན་གྱི་ཐབས་ལ་བརྟེན་ནས་གྲོས་མོལ་དང་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་ཟེར། རྒྱ་གར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐའ་མཚམས་ཀྱི་གནས་བབ་མྱུར་མོར་ཐག་གཅོད་བྱས་ཏེ་རྒྱུན་རྣམ་ཅན་གྱི་དོ་དམ་ཚོད་འཛིན་དུས་རིམ་དུ་བསླེབས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།