ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་བདེ་འཇགས་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་ཨ་མེ་རི་ཁས་ཚེས་བཅུ་ཉིན་རི་ནེ་ཝ་ནས་བདེ་འཇགས་གྲོས་མོལ་སྤེལ་ཡང་གྲུབ་འབྲས་ཐོབ་མེད། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་ཉིན་དེའི་གྲོས་མོལ་དཀའ་ཚེགས་ཆེ་ཞིང་གཏིང་ཟབ་ལ་བྱེ་བྲག་ཡིན་ཡང་། ཕྱོགས་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཤར་དུ་རྒྱ་བསྐྱེད་པའི་དཀྱིལ་སྙིང་གནད་དོན་དེའི་ཐད་ནས་གྲུབ་འབྲས་ཅི་ཡང་བླངས་མེད། གྲོས་གཞི་དེ་ནི་ཨུ་རུ་སི་དང་ཨ་མེ་རི་ཁས་གྲོས་གཞི་གཞན་པར་གྲོས་བསྡུར་བྱེད་པའི་རྨང་གཞི་ཡིན་པ་རེད། 

ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཉིན་དེར་མུ་མཐུད་དུ་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྲོས་མཐུན་འགོད་པའི་རྨང་གཞི་ཡོད་ཀྱང་། ཨུ་རུ་སི་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱི་འཇིགས་སྐུལ་དང་ལེན་བྱེད་མི་སྲིད་ལ། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེར་ཡང་རྒྱལ་ཁ་ཐོབ་མི་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།