ཙབ་པབ་ཝེ་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་ཀྱིས་སྐོར་གསར་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་ཡིས་ཚེས་བཅུ་གཉིས་ཉིན་ཙུང་ཐུང་བཞུགས་ཤག་ནས་བརྙན་རིས་གཏམ་བཤད་སྤེལ་ཏེ།   ཀྲུང་གོ་སྲིད་གཞུང་གིས་ཙམ་པབ་ཝེ་ཕྱོགས་ལ་སྐོར་གསར་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།  ཁོས་བཤར་རྒྱུར།   ཙབ་པབ་ཝེ་ཕྱོགས་རིམས་ནད་དུས་སྐབས་བཞི་པར་འཕྲད་ཡོད་པར་མ་ཟད།   ཨོ་སྨི་ཁེ་རོན་དུག་རྐང་དང་འཐབ་རྩོད་བྱེད་པའི་གནད་འགག་གི་དུས་སྐབས་འདིར་ཀྲུང་གོ་ཕྱོགས་ཀྱིས་འགོག་སྨན་གྱིས་རོགས་སྐྱོར་བྱས་པ་དེས་ཙམ་པབ་ཝེ་སྲིད་གཞུང་གིས་སྔར་ལས་བཟང་བོའི་སྒོ་ནས་རིམས་འགོག་བྱེད་པར་རོགས་འདེགས་བྱེད་ཐུབ་ཟེར།

མུའུ་ནན་ཅ་ཀུའུ་ཝ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་ཁྱབ་བསྒྲགས་བྱས་པའི་ཨ་ཧྥེ་རི་ཁར་འགོག་སྨན་གྱིས་རོགས་སྐྱོར་བྱེད་པའི་བྱེད་ཐབས་གསར་པར་བསྟོད་བསྔགས་བྱེད་པ་ཡིན།  ཁོས་བཤད་རྒྱུར།    ཙབ་པབ་ཝེ་ཕྱོགས་ལ་འགོག་སྨན་རོགས་སྐྱོར་བྱས་པ་དེས་ཀྲུང་གོ་ཕྱོགས་ནི་ཁ་དན་ཚིག་ལ་གནས་པ་ཞིག་ཡིན་པ་མཚོན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས།  ཙབ་པབ་ཝེ་འདུ་བའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་འགོག་སྲུང་གི་ཕན་ནུས་མཐོ་བ་དང་འགན་ཁུར་ཐུབ་པའི་འགོག་སྨན་ཡོད་པ་རེད་ཟེར།

མུའུ་ནན་ཅ་ཀུའུ་ཝ་ཡིས་བསྟན་དོན།   ཙམ་པབ་ཝེ་རུ་རིམས་ནད་བྱུང་བའི་ཚུན་ལ།  ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཙབ་པབ་ཝེའི་རིམས་འགོག་ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས།   འགོག་སྨན་མཉམ་ལས་ལས་གཞན།   ཀྲུང་གོ་ཕྱོགས་ཀྱིས་ད་རུང་སྨན་བཅོས་དངོས་རྫས་མང་པོའི་རོགས་སྐྱོར་བྱས་པར་མ་ཟད།    ཙབ་པབ་ཝེ་ཕྱོགས་ལ་སྨན་བཅོས་ཆེད་མཁས་ཚན་ཆུང་མངགས་ཏེ་རིམས་འགོག་ཐད་རོགས་སྐྱོར་བྱས་དེ་ཙབ་པབ་ཝེ་སྲིད་གཞུང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་པ་དང་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

འཚམས་སྦྱོར་བྱས་པ་ལྟར་ན།   ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་སྐོར་གསར་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱུན་མཐུད་ངང་ཙབ་པབ་ཝེ་རུ་འབྱོར་ཡོད།    ན་ནིང་གི་ཟླ་གཉིས་པའི་ཚུན་ལ།   ཀྲུང་གོ་ཕྱོགས་ཀྱིས་སྐོར་ཁག་མང་པོར་བགོས་ཏེ་ཙབ་པབ་ཝེ་ཕྱོགས་ལ་འགོག་སྨན་མང་པོའི་རོགས་སྐྱོར་བྱས་པ་དང་།   ཙབ་པབ་ཝེ་སྲིད་གཞུང་གིས་ད་རུང་ཀྲུང་གོ་ཕྱོགས་ནས་འགོག་སྨན་མང་པོ་ཉོས་པ་རེད།

ཙབ་པབ་ཝེ་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།   ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་བར།   ཙབ་པབ་ཝེ་རྒྱལ་ཡོངས་ཀྱི་མི་བྱེ་བ་གཅིག་དང་ས་ཡ་བཞི་ལྷག་གི་ཁྲོད་མི་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དགུ་ཡིས་འགོག་སྨན་ཐེངས་གཉིས་བརྒྱག་པ་ཡོངས་གྲུབ་བྱས་ཡོད།  ཙབ་པབ་ཝེའི་འགོག་སྨན་བརྒྱབ་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཁྲོད་བརྒྱ་ཆའི་གོ་ལྔའི་ཡན་ནི་ཀྲུང་གོ་ཕྱོགས་ཀྱིས་ཐོན་སྐྱེད་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།