ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གྲོས་ཁང་གི་མགོ་གཙོས་དབྱི་ལང་ཕྱོགས་ཀྱིས་དབྱི་ལང་ཉིང་རྡུལ་གྲོས་མོལ་སྟེང་ཡུན་རིང་རང་བཞིན་གྱི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། དབྱི་ལང་གྲོས་ཁང་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝ་ཞི་ཏི·ཅཱ་ལ་ཨེར་ཀྲ་ཏི་ཡིས། དབྱི་ལང་ཕྱོགས་ཀྱིས་དབྱི་ལང་ཉིང་རྡུལ་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་གནང་སྐབས་དབྱི་ལང་གི་ཁེ་ཕན་སྲུང་སྐྱོང་ཐད་ཡུན་རིང་རང་བཞིན་གྱི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བསྟན། 

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅཱ་ལ་ཨེར་ཀྲ་ཏི་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་དུས། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་མོལ་སྐབས་ཡུན་རིང་རང་བཞིན་གྱི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་མོད། དབྱི་ལང་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས“གནས་སྐབས་ཀྱི་གྲོས་མཐུན”དེ་དབྱི་ལང་གིས་རེ་སྒུག་བྱས་པའི“མཐར་ཐུག་གི་བསམ་འདུན”མིན་པ་རེད། ཡིན་ནའང་འབྲེལ་ཡོད་གྲོས་གཞི་ཐད་ཨ་ལན་ཅི་ཡང་བྱིན་མེད་པ་རེད། 

ཅཱ་ལ་ཨེར་ཀྲ་ཏི་ཡིས་བཤད་རྒྱུར། གྲོས་མཐུན་གང་ཡིན་ཡང་ལག་བསྟར་བྱ་རྒྱུ་ནི་ཆེས་གཙོ་བོ་རེད། ཡིན་ནའང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ནམ་ཡང་ཁ་དམ་ཚིག་ལ་མི་གནས་སྟབས། ཁོ་ཚོས་བྱེད་ཐབས་ནུས་ལྡན་སྤྱད་ནས་ཁ་གསབ་བྱེད་དགོས། ཁོས་གལ་ཏེ་གྲོལ་མོའི་ནང་དོན་དབྱི་ལང་གི་ཁེ་ཕན་དང་མཐུན་ཚེ། ཨ་མེ་རི་ཁ་ཐད་ཀར་དུ་གྲོལ་མོལ་ནང་ཞུགས་པར་བསམ་བློ་གཏང་ཆོག་ཅེས་བསྟན། 

2015ལོའི་ཟླ7པར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ།  འཇར་མན་བཅས་དང་མཉམ་དུ་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་བཞག་པ་རེད།  2018ལོའི་ཟླ5བར་ཨ་མེ་རི་ཁ་སྲིད་གཞུང་གིས་རང་ཕྱོགས་ཀྱི་འདོད་པ་ལྟར་དབྱི་ལང་ཉིང་རྡུལ་གྱི་གྲོས་མཐུན་ལས་ཕྱིར་བུད་པ་དང་། དེ་མུར་སླར་ཡང་དབྱི་ལང་ལ་བཀག་སྡོམ་བྱེད་མགོ་བརྩམས།  2019ལོའི་ཟླ5པའི་ཚུན་དུ། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་མཐུན་ནང་གཏན་ཁེལ་བྱས་པའི་ནང་དོན་སྐོར་ཞིག་ལ་ལག་བསྟར་བྱེད་མཚམས་བཞག་པ་རེད།

དབྱི་ལང་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས2021ལོའི་ཟླ4པ་ནས་བཟུང་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་ཨ་མེ་རི་ཁ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱིས་དེ་སྔོན་གྱི་གྲོས་མཐུན་སླར་གསོ་འབྱུང་བར་གྲོས་མོལ་བྱས་ཤིང་། ཨ་མེ་རི་ཁས་བར་བརྒྱུད་ཀྱི་ཚུལ་དུ་གྲོས་མོལ་སྟེང་དུ་ཞུགས། གྲོས་མོལ་ཐེངས་བརྒྱད་པ་དེ2021ལོའི་ཟླ12པའི27ཉིན་ཝི་ཨེན་ན་རུ་འཚོགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།