ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་གི་ཟླ12པར་ཨ་མེ་རི་ཁའིCPIསྔོན་ལོའི་དུས་མཉམ་ལས7%འཕར་དེ་ཉེ་བའི་ལོ40རིང་གི་ཆེས་མཐོ་ཤོས་སུ་གྱུར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། ཨ་མེ་རི་ཁའི་ངལ་རྩོལ་དང་བཟོ་ལས་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ12པར་ཨ་མེ་རི་ཁའི་མཛད་སྤྱོད་པའི་རིན་གོང་སྟོན་གྲངས(CPI)ཟླ་སྔོན་མ་དང་བསྡུར་ན0.5%འཕར་བ་དང་། སྔོན་ལོའི་དུས་མཉམ་དང་བསྡུར་ན7%འཕར། དེ་ནི1982ལོའི་ཟླ6པའི་ཚུན་གྱི་དུས་མཉམ་འཕར་ཚད་ཆེས་ཆེ་བ་ཡིན་པས་ཨ་མེ་རི་ཁའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཇེ་དྲག་ཏུ་གྱུར་བ་མཚོན།

གཞི་གྲངས་ལས་མངོན་པ་ལྟར་ན། སྡོད་ཁང་གི་མ་རྩ་དང་གཉིས་རྒྱུད་རླངས་འཁོར་གྱི་རིན་གོང་ཡར་འཕར་བ་ནི་ན་ནིང་གི་ཟླ12པར་ཨ་མེ་རི་ཁའི་དངོས་ཟོག་གི་རིན་གོང་ཡར་འཕར་བའི་རྒྱུ་རྐྱེན་གཙོ་བོ་རེད། ཟླ་དེར་གཉིས་རྒྱུད་རླངས་འཁོར་གྱི་རིན་གོང་ཟླ་སྔོན་མ་དང་བསྡུར་ན3.5%འཕར་བ་དང་།  སྔོན་ལོའི་དུས་མཉམ་དང་བསྡུར་ན37.3%འཕར་ཡོད་པ་རེད། འཕར་ཆག་ཅུང་ཆེ་བའི་ཟས་རིགས་དང་ནུས་ཁུངས་ཀྱི་རིན་གོང་ཕུད་རྗེས། ལྟེ་བའིCPIཟླ་སྔོན་མ་དང་བསྡུར་ན0.6%འཕར་བ་དང་།  སྔོན་ལོའི་དུས་མཉམ་དང་བསྡུར་ན5.5%འཕར་ཡོད་པ་རེད། འདི་ནི1991ལོའི་ཟླ2པའི་ཚུན་གྱི་དུས་མཉམ་འཕར་ཚད་ཆེས་ཆེ་བ་དེ་རེད། 

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་། གཞི་གྲངས་གསར་ཤོས་ལས་ཨ་མེ་རི་ཁའི་དངོས་ཟོག་རིན་གོང་གི་འཕར་ཚད་སྔར་བཞིན་མཐོ་བས་ཁྱིམ་ཚང་གི་སྔོན་རྩིས་ལ་ཕོག་ཐུག་ཐེབས་ཡོད་སྟབས་སྲིད་གཞུང་གིས་ད་དུང་ལས་ཀ་མང་པོ་ཞིག་བསྒྲུབ་དགོས་པ་རེད། དངུལ་ལོ་སྦོས་པ་ནི་གོ་ལ་ཧྲིལ་བོའི་འགྲན་སློང་ཞིག་ཡིན་ལ། ཁོས་མུ་མཐུད་དུ་དངུལ་ལོ་སྦོས་བར་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད། 

དཔལ་འབྱོར་རིག་པ་བས་ཨ་མེ་རི་ཁའི་དངུལ་ལོ་སྦོས་པ་ལས་ཁེ་ལས་ཆེ་གྲས་ཁག་ལ་མུ་མཐུད་དུ་འཛད་སྤྱོད་བྱེད་པར་སྐུལ་བ་དང་ཟླ་ཕོགས་འཕར་བ། དངུལ་ལོའི་སྲིད་ཇུས་ཚད་བརྒལ་ངང་ལྷོད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་དུས་ཡུན་ཐུང་ངུ་ཞིག་གི་ནང་གནོན་ཤུགས་འདི་ཞི་འཇགས་སུ་གཏོང་མི་ནུས་པར་འདོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།