དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་གནས་སྐབས་གྲོས་མཐུན་འགོད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅུ་ཉིན་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་གནས་སྐབས་གྲོས་མཐུན་འགོད་མི་སྲིད་པའི་ཚུལ་བསྟན་པ་དང་། གྲོས་མཐུན་དེ་འདྲ་དབྱི་ལིང་གི་རེ་བ་དང་མི་འཚམ་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་སོ་སོས་ཧུར་ཐག་བྱས་ཏེ་ཨ་མེ་རི་ཁ་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ལོག་ཏུ་འཇུག་པར་དགོས་ངེས་ཀྱི་ཁག་ཐེག་དང་དཔྱད་ཞིབ་ཐོབ་པར་བྱེད་དགོས་པར་མ་ཟད། དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་འགན་སྲུང་བྱེད་དགོས། དེ་དག་གནས་སྐབས་གྲོས་མཐུན་ལ་བརྟེན་ནས་མངོན་འགྱུར་བྱེད་ཐབས་མེད་ལ། དབྱི་ལིང་གིས་གཏན་འཇགས་དང་ཡིད་རྟོན་རུང་བའི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་དགའ་སྡུག་གི་རྣམ་འགྱུར་ཅི་ཡང་བཟུང་མེད་པ་དང་། དངོས་ཡོད་ལ་གཞིགས་ཏེ་བསམ་བློ་གཏོང་བཞིན་ཡོད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་དེ་ཨ་མེ་རི་ཁས་ཕྱོགས་ཀྱིས་འགན་ཁུར་བ་དང་དཔྱད་ཞིབ་བྱས་ཆོག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཕྱིར་ལོག་པར་འགན་སྲུང་བྱེད་པ་ཁོ་ནའི་ཆེད་དུ་ཡིན་པས། དབྱི་ལིང་གིས་གྲོས་མོལ་ཁྲོད་བཏོན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞི་ལས་བརྒལ་བའི་གནད་དོན་གང་རུང་དང་ལེན་བྱེད་མི་སྲིད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།