རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་གསར་དར་དཔལ་འབྱོར་ཚོགས་པས་སྔ་མོ་ནས་ཨ་མེ་རི་ཁའི་དངུལ་ལོར་སྲིད་ཇུས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པར་གྲ་སྒྲིག་བྱེད་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚེས་བཅུ་ཉིན་ཉེན་བརྡ་བཏང་སྟེ། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱུ་ནོར་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་དངུལ་ལོར་སྲིད་ཇུས་ཇེ་ཞིབ་ཏུ་བཏང་ན། གསར་དར་དཔལ་འབྱོར་ཚོགས་པའི་མ་དངུལ་ཕྱིར་ཤོར་བ་དང་དངུལ་ལོར་འཛའ་ཐང་འཆག་པའི་སྣང་ཚུལ་འབྱུང་སྲིད་པས། གསར་དར་དཔལ་འབྱོར་ཚོགས་པས་སྔ་སྣུར་གྱིས་སྲིད་ཇུས་གྲ་སྒྲིག་བྱེད་དགོས་ཟེར། 

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཉིན་དེར་དཔོན་ཕྱོགས་དྲ་ཚིགས་ནས་བཤད་རྒྱུར། ཨ་མེ་རི་ཁའི་ཟླ་ཕོགས་ཡོངས་ཁྱབ་ཏུ་ཇེ་མཐོར་སོང་བ་ལས་དངོས་གོང་གི་འཕར་ཚད་སྔོན་དཔག་ལས་བརྒལ་སྲིད་པ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པའི་སྔོན་དཔག་བྱ་བར་ཤུགས་སྣོན་བྱེད་ཆེད། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱུ་ནོར་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་མྱུར་མོར་བུ་ལོན་ཁ་སྣོན་བྱེད་དགོས་བྱུང་ཡོད། དེ་ལས་དངུལ་ལོར་ཚོང་རར་རྙོག་དྲ་བཟོ་སྲིད་པ་དང་། འཛམ་གླིང་ཡོངས་ཀྱི་དངུལ་ལོར་ཁོར་ཡུག་ལ་གནོད་པ་ཐེབས་སྲིད་ལ། དེ་མིན་གསར་དར་དཔལ་འབྱོར་ཚོགས་པའི་མ་དངུལ་ཕྱིར་ཤོར་བ་དང་དངུལ་ལོར་འཛའ་ཐང་འཆག་པའི་སྣང་ཚུལ་ཡང་འབྱུང་སྲིད་ཟེར། 

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་བསྟན་དོན། གསར་དར་དཔལ་འབྱོར་ཚོགས་པ་རེ་འགའ་དངུལ་ལོར་ཚད་བརྒལ་འགྲེམ་པ་དང་སྤྱི་བའི་དངུལ་བུན་མཐོ་བ། དཔལ་འབྱོར་སླར་གསོའི་སྟོབས་ཞན་པའི་འགྲན་རྩོད་ལ་འཕྲད་ཡོད་པ་དང་། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱུ་ནོར་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་དངུལ་ལོར་སྲིད་ཇུས་ཇེ་དམ་དུ་བཏང་ན་དེ་དག་གི་དཔལ་འབྱོར་འཕར་སྣོན་གྱི་མདུན་ལྗོངས་སྔར་ལས་གཏན་འཇགས་མིན་ཟེར། 

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཁོར་ཡུག་ལེགས་བཅོས་བྱེད་ན། གསར་དར་དཔལ་འབྱོར་ཚོགས་པས་རང་སྟེང་གི་གནས་ཚུལ་ལ་གཞིགས་ཏེ་རིམ་བཞིན་དངུལ་ལོར་སྲིད་ཇུས་ཇེ་དམ་དུ་གཏོང་བའམ་མྱུར་མོར་ཕྱོགས་ཡོངས་ནས་འགུལ་སྐྱོད་སྤེལ་དགོས། དེ་ལས་གཞན་ནོར་སྲིད་སྲིད་ཇུས་ཀྱི་རྒྱབ་སྐྱོར་རྒྱུན་འཛིན་བྱས་ནའང་དངུལ་གཏོང་མཁན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་ཕྱི་ཕྱོགས་ཀྱི་གནོད་རྐྱེན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།