ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དུ་ཉིན་གཅིག་གི་རིང་པྲོག་གསར་གློ་ཚད་ཀྱི་ནད་པ་ཁྲི18ཙམ་ཇེ་མང་དུ་སོང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན། རྒྱ་གར་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། རྒྱ་གར་དུ་འདས་པའི་དུས་ཚོད24རིང་གསར་དུ་པྲོག་གསར་གློ་ཚད་ཀྱི་གཏན་ཁེལ་ནད་པ179723ཇེ་མང་དུ་སོང་ཞིང་། ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་བསྡོམས་པས་ཁྲི3570ལས་བརྒལ་བ་དང་། ཚེ་འདས་ནད་པ146ཇེ་མང་དུ་སོང་ཞིང་། ཚེ་འདས་ནད་པ་བསྡོམས་པས483936ལ་སླེབས་འདུག

 པར་འདི་ནི་ཟླ1པོའི་ཚེས10ཉིན་གྲོང་མིས་རྒྱ་གར་པའོ་ཕ་ཨེར་ཏུ་འགོག་སྨན་རྒྱག་བཞིན་པའི་རྣམ་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། རྒྱ་གར་དུ་ཉིན་གཅིག་གི་རིང་གསར་དུ་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ2021ལོའི་ལོ་མཇུག་གི་ཁྲི་གཅིག་ནས་ཟླ་འདིའི་ཚེས1ཉིན་བར་མགྱོགས་མྱུར་ངང་ནད་པ་ཁྲི2ཡས་མས་ལ་འཕར་ཞིང་། ཚེས10ཉིན་བར་ནད་པ་ཁྲི18ཙམ་ལ་འཕར་བ་རེད། མིག་སྔར་རིམས་ནད་ཆེས་ཚབས་ཆེན་ཡིན་ས་ནི་རྒྱལ་ས་ཞིན་ཏི་ལི་དང་མིན་མའེ་སོགས་གྲོང་ཁྱེར་ཆེ་གྲས་དག་རེད། 

པར་འདི་ནི་ཟླ1པོའི་ཚེས10ཉིན་གྲོང་མིས་རྒྱ་གར་པའོ་ཕ་ཨེར་ཏུ་འགོག་སྨན་རྒྱག་བཞིན་པའི་རྣམ་པ་རེད།

ཚེས5ཉིན། རྒྱ་གར་གྱི་རྒྱལ་ཁབ་རིམས་འགོག་ལག་རྩལ་བློ་འདྲི་ཚན་ཆུང་འགོག་སྨན་ལས་གཞིའི་འགན་འཁུར་བ་ཨ་ལའོ་ལ་ཡིས། འདས་པའི་གཟའ་འཁོར་གཅིག་གི་རིང་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་མགྱོགས་མྱུར་ངང་ཇེ་མང་དུ་སོང་སྟེ་ཛ་དྲག་གི་གནས་བབ་སུ་གྱུར་ཡོད་ཟེར། ཨ་ལའོ་ལ་ཡིས་ད་དུང་གསལ་འདེབས་བྱས་དོན། རྒྱ་གར་དུ་ཨའོ་མི་ཁུ་རོང་དུག་རྐང་འགོས་ཡོད་པའི་ནད་པ་མགྱོགས་མྱུང་ངང་ཡར་འཕར་བཞིན་ཡོད་པས་དུག་རྐང་རྒྱུད་སྤེལ་བྱེད་པར་དོ་སྣང་བྱེད་དགོས་ཟེར། 

པར་འདི་ནི་ཟླ1པོའི་ཚེས10ཉིན་གྲོང་མིས་རྒྱ་གར་པའོ་ཕ་ཨེར་ཏུ་འགོག་སྨན་རྒྱག་བཞིན་པའི་རྣམ་པ་རེད།

རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏོད་ཆེད། རྒྱ་གར་གྱི་ས་ཆ་མང་ཤོས་སུ་རིམས་ནད་སྔོན་འགོག་གི་བྱེད་ཐབས་སྤྱོད་བཞིན་ཡོད་ལ། རྒྱ་གར་སྲིད་གཞུང་གིས་འགོག་སྨན་བརྒྱག་པའི་ཁྱབ་ཁོངས་ཇེ་ཆེར་བཏང་ནས་འགོག་སྨན་རྒྱག་ཚད་ཇེ་མཐོར་གཏོང་བཞིན་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།