ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་ལས་ཤག་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

20220110102410fca3 (1).jpg

འདི་ནི་ཟླ་དང་པོའི་ཚེས་དགུ་ཉིན་པར་བླངས་པའི་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལིང་ཁི་སི་ས་ཁུལ་དུ་མེ་སྐྱོན་བྱུང་བའི་ལས་ཤག་ཐོག་ཁང་གི་རྣམ་པ་རེད།

2022011010242406i1 (1).jpg 

ཟླ་དང་པོའི་ཚེས་དགུ་ཉིན། རྒུད་སྐྱོབ་རླངས་འཁོར་དག་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལིང་ཁི་སི་ས་ཁུལ་དུ་མེ་སྐྱོན་བྱུང་བའི་ལས་ཤག་ཐོག་ཁང་གི་མདུན་དུ་བསྡད་ཡོད་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་ལས་ཤག་ཐོག་ཁང་ཞིག་ལ་ཚེས་དགུ་ཉིན་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་དགུ་འདུས་ཡོད་ཟེར། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་དེ་ཚེས་དགུ་ཉིན་གྱི་སྔ་དྲོར་ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལིང་ཁི་སི་ས་ཁུལ་གྱི་བརྩེགས་རིམ་བཅུ་དགུ་ཅན་གྱི་ལས་ཤག་ཐོག་ཁང་ཞིག་ནས་བྱུང་། ཉིག་ཡོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཡཱ་ཏང་སི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མེ་སྐྱོན་དེ་ལས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་གསུམ་ལ་རྨས་ཕོག་པ་བདེན་དཔང་བྱས་ཡོད། དེའི་ནང་མི་རེ་འགའི་གནས་ཚུལ་ཚབས་ཆེན་རེད། དེ་ནི་ཉིག་ཡོ་གྲོང་ཁྱེར་གྱི་ཆེས་ཚབས་ཆེ་བའི་མེ་སྐྱོན་ཞིག་རེད་ཟེར། 

བསྒྲགས་པ་ལྟར་ན། མེ་གསོད་མི་སྣ་ཉིས་བརྒྱ་ཙམ་ཡུལ་དངོས་སུ་སོང་ནས་མེ་གསོད་བཞིན་ཡོད་པ་དང་། རྨས་མ་དག་སྨན་ཁང་ལྔར་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

ཉིག་ཡོ་གྲོང་ཁྱེར་གྱི་མེ་གསོད་ཉེན་སྲུང་ཅུའུ་ཡི་ཅུའུ་ཀྲང་ནེ་ཀི་ལོ་ཡིས་བཤད་རྒྱུར། མེ་སྐྱོན་དེ་ལས་ཤག་ཐོག་ཁང་གི་བརྩེགས་རིམ་གཉིས་པ་དང་གསུམ་པ་ནས་བྱུང་བ་དང་། ལས་ཤག་ཐོག་ཁང་གི་སྒོ་ཡངས་པོར་ཕྱེས་ཡོད་པས་མེ་ཤུགས་མྱུར་མོར་མཆེད་པ་རེད། མེ་གསོད་ཉེན་སྲུང་པས་བརྩེགས་རིམ་རེ་རེ་ནས་རྨས་མ་རྙེད་ཡོད། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།