ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་ཙུང་ལི་མཱ་ཞིན་ཏཱ་ཡིས་ཝང་དབྱེ་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་དང་པོའི་ཚེས་དགུ་ཉིན། སིང་ག་ལཱའི་ཙུང་ལི་མཱ་ཞིན་ཏཱ་ཡིས་ཁི་ལོན་ཕའོ་ནས་ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་དང་གྲོས་མོལ་བྱས། 

མཱ་ཞིན་ཏཱ་ཡིས་ཡང་བསྐྱར་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བར་རྟེན་འབྲེལ་ཞུས་པ་དང་། སིང་ག་ལཱ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རིང་ཞིང་། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔ་འགོར་བ་དང་མུས་ཅའོ་གྲོས་ཆོད་བཀོད་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ནི་སིང་ག་ལཱའི་རླབས་ཆེ་བའི་གྲོགས་པོ་ཡིན་པ་དང་། སིང་ག་ལཱ་ཕྱོགས་ཀྱིས་སྟོབས་དང་ལྡན་པའི་སིང་ག་ལཱ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་མཐོང་བར་མཐོང་ཆེན་བྱེད་བཞིན་ཡོད། སིང་ག་ལཱའི་ཕྱོགས་ཀྱིས་ཀྲུང་གོས་སིང་ག་ལཱའི་ནང་སྲིད་ལ་ཐེ་གཏོགས་མ་བྱས་པར་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་བོར་སིང་ག་ལཱའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། ཀྲུང་གོའི་ཕྱོགས་ཀྱིས་ནམ་རྒྱུན་སིང་ག་ལཱར་ཆེས་དགོས་མཁོ་ཆེ་བའི་སྐབས་སུ་རོགས་སྐྱོར་བྱེད་པ་དང་། སིང་ག་ལཱའི་དཀའ་ཁག་སེལ་བར་རོགས་རམ་བྱེད་བཞིན་ཡོད། སིང་ག་ལཱའི་ཕྱོགས་ཀྱིས་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་རིམས་འགོག་དངོས་རྫས་མང་བོ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།