དབྱི་ལིང་གིས་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ནེ་ལྐོག་གསོད་བྱེད་པར་ཞུགས་པའི་ཨ་མེ་རི་ཁའི་མི་ང་གཅིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་ལིང་གིས་ཨ་མེ་རི་ཁའི་སྤྱི་དམངས་ང་གཅིག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་མིང་ཐོའི་ནང་བཞག རྒྱུ་མཚན་ནི་ཁོ་ཚོས་དབྱི་ལིང་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ནེ་སོགས་ལྐོག་གསོད་བྱེད་པའི་འཇིགས་སྐུལ་རིང་ལུགས་ཀྱི་འགུལ་སྐྱོད་ཁྲོད་དུ་ནུས་པ་འདོན་སྤེལ་བྱས་ཡོད་པས་རེད་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་དྲ་ཚིགས་སུ་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མུས་ལེ་དང་། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཨོ་པུའུ་ལའེ་ཨིན་སོགས་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད། དེའི་སྔོན་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་དང་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་སོགས་ལའང་རྒྱུ་མཚན་དེའི་དབང་གིས་དབྱི་ལིང་གི་བཀག་སྡོམ་ཐེབས་ཡོད། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་མི་དེ་དག་སུའུ་ལའེ་མན་ནེ་སོགས་ལྐོག་གཅོད་བྱེད་པའི་འཇིགས་སྐུལ་རིང་ལུགས་འགུལ་སྐྱོད་ཀྱི་ཇུས་འདོན་དང་རྩ་འཛུགས། མ་དངུལ་རོགས་སྐྱོར། ལག་བསྟར་བཅས་ཀྱི་ནང་ཞུགས་པའང་ཡང་ན་བྱེད་ཐབས་གཞན་པས་འཇིགས་སྐུལ་རིང་ལུགས་ལ་དག་འབུད་བྱས་མྱོང་ཟེར།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།