ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ནས་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

    སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20220109091808G7oG.jpg

ཟླ་དང་པོའི་ཚེས་བརྒྱད་ཉིན། ཨེ་ཅིབ་ཀྱི་ཞི་ནེ་ལྷོ་མ་ཞིང་ཆེན་དུ། རྒུད་སྐྱོབ་མི་སྣས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོར་ཨེ་ཅིབ་བྱང་ཤར་ཕྱོགས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་བརྒྱད་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྨུག་འཐིབས་པས་རྒྱང་མི་མཐོང་བས། སྤྱི་སྤྱོད་རླངས་འཁོར་གཅིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཞི་ནེ་ལྷོ་མ་ཞིང་ཆེན་དུ་བགྲོད་སའི་མྱུར་བགྲོད་གཞུང་ལམ་སྟེང་ཐོ་བརྒྱབ་པ་རེད། དོན་རྐྱེན་བྱུང་རྗེས། མྱུར་སྐྱོབ་རླངས་འཁོར་བཅུ་ཕྲག་འགའ་ཡུལ་དངོས་སུ་འབྱོར་ནས། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།