ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཏུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་པཱ་པུའུ་ཡཱ་ཞིང་ཆེན་གྱི་ཁྲ་ཡཱ་ཕུའུ་ལཱ་གྲོང་ཁྱེར་ཉེ་འདབས་སུ་ཉེ་སྔོན་བསྟུད་མར་ཆར་ཆེན་བབས་ཏེ། ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

གནོད་འགོག་ལས་དོན་ཁང་གི་མགྲིན་ཚབ་པ་ཚབ་མ་མུའུ་ཧཱ་ལི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁྲ་ཡཱ་ཕུའུ་ལཱ་གྲོང་ཁྱེར་གྱི་ས་ཁུལ་མང་བོར་ཚེས་དྲུག་ཉིན་གྱི་དགོང་མོར་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་། སྨན་ཁང་དང་སྲིད་གཞུང་གི་ཐོག་ཁང་སོགས་སྤྱི་བའི་སྒྲིག་ཆས་དང་ཁང་བ། སྡོད་དམངས་བཅས་ལ་ཆུ་ལོག་ཁྲོད་ཚད་མི་འདྲ་བའི་གཏོར་བརླག་ཐེབས། ས་དེའི་དུས་ཚོད་ཚེས་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་བར་དུ། མི་ལྔ་བརྒྱ་ཙམ་བྲེལ་མྱུར་སྒོས་གནས་སྐབས་ཀྱི་ཉེན་གཡོལ་བྱེད་སར་བསྐྱལ་ཡོད། 

མུའུ་ཧཱ་ལི་ཡིས་བཤད་རྒྱུར། ཆུ་ལོག་དང་རི་ཉིལ་བ་ལས་མིག་སྔར་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་ཐེབས་པའི་མི་གྲངས་དང་རྒྱུ་ནོར་གྱོང་གུད་ཐེབས་པའི་ཚད་ལ་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན་ཟེར། 

ཁོས་བཤད་རྒྱུར། པཱ་པུའུ་ཡཱ་ཞིང་ཆེན་དུ་མ་འོངས་པའི་ཉིན་འགའི་ནང་མུ་མཐུད་དུ་ཆར་ཆེན་དང་རླུང་ཆེན་གྱི་ནམ་ཟླ་འབྱུང་སྲིད་པས། གནོད་འགོག་ལས་དོན་ཁང་གིས་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་འབྱུང་ཉེན་ཡོད་པའི་ཆུ་ལོག་སོགས་ལ་དོགས་ཟོན་བྱེད་དགོས་པ་དང་སྔོན་འགོག་བྱེད་ཐབས་བཟང་བོར་བསྒྲུབ་དགོས་པའི་གསལ་འདེབས་བྱས། 

ཧིན་རྡུ་ཉི་ཞི་ཡཱའི་ས་ཁུལ་མང་ཆེ་བ་ཆར་ལྡན་ཚ་ཁུལ་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། མིག་སྔར་ཏག་ཏག་ཆར་ཆུ་མོད་པའི་དུས་ཚིགས་སུ་བསླེབས་ཡོད་ལ། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་མང་དུ་འབྱུང་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།