ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཧཱ་སག་སི་ཐན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དྲུག་ཉིན་དང་ཚེས་བདུན་ཉིན་ཐེངས་མང་བོར་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། རྩ་འཛུགས་དེའི་སྒྲོམ་གཞིའི་འོག་ཧཱ་སག་སི་ཐན་གྱི་གནས་བབ་གཏན་འཇགས་ཐད་ནས་སྤྱོད་པའི་འགུལ་སྐྱོད་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བདུན་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱིས་ཐེངས་མང་བོར་ཁ་པར་བརྒྱུད་དེ། ཧཱ་སག་སི་ཐན་གྱི་གནས་བབ་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ཧཱ་སག་སི་ཐན་གྱི་སྒྲིག་རིམ་ལ་སྲུང་སྐྱོབ་བྱེད་པ། ཧཱ་སག་སི་ཐན་གྱི་སྤྱི་དམངས་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་སྤྱོད་པའི་ཐུན་མོང་གི་འགུལ་སྐྱོད་ལ་གྲོས་བསྡུར་བྱས། 

ཕུའུ་ཅིན་གྱིས་ད་རུང་སོ་སོར་ཅིར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་བཅས་དང་མཉམ་དུ་ཁ་པར་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། ཐུན་མོང་བདེ་འཇགས་རྩ་འཛུགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཨུ་རུ་སིའི་ཕྱི་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་ཡིས་དུས་རྒྱུན་ཕུའུ་ཅིན་ལ་ཧཱ་སག་སི་ཐན་ཕྱོགས་ལ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པའི་འབྲེལ་ཡོད་གནས་ཚུལ་དང་དེས་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྙན་ཞུ་བྱེད་བཞིན་ཡོད། 

ཧཱ་སག་སི་ཐན་གྱི་ས་ཁུལ་མང་བོར་ཟིང་འཁྲུག་སློང་མཁན་གྱིས་སྲིད་གཞུང་ལས་ཁུངས་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་བྱུང་། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཉིན་དེར་ཙུང་ཐུང་བཀའ་རྒྱ་བཀོད་དེ། རྒྱལ་ཡོངས་ནས་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་བསྒྲགས་བྱས། ཐུན་མོང་བདེ་འཇགས་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཐའོ་ཁཱ་ཡེ་ཧྥུའུ་ཡི་རེ་བ་ལྟར་དུ། ཐུན་མོང་བདེ་འཇགས་རྩ་འཛུགས་ཀྱིས་ཧཱ་སག་སི་ཐན་དུ་དུས་ཡུན་ཐུང་ངུའི་ནང་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་བདུན་ཅུ་ལྷག་གིས་ཧཱ་སག་སི་ཐན་གྱི་མངའ་ཁོངས་སུ་མངག་གཏོང་བྱས་པའི་ཐུན་མོང་བདེ་འཇགས་རྩ་འཛུགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ནང་ཨུ་རུ་སིའི་ཆེད་མངག་དམག་དཔུང་ཞུགས་ཡོད་པ་དང་། ཆེད་མངག་དམག་དཔུང་གི་མི་སྣས་གཏན་འཁེལ་བྱས་པའི་ལས་འགན་ལག་བསྟར་བྱེད་མགོ་བརྩམས།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།