ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་ཡིས་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་ལས་འགན་མཇུག་རྫོགས་པ་བསྐྱར་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་མུའུ་སི་ཐ་ཧྥ་དང་ཁཱ་ཏིས་མུས་ཀྱིས་ཚེས་ལྔ་ཉིན་ཡང་བསྐྱར་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་ལས་འགན་མཇུག་རྫོགས་ཡོད་པ་དང་། དབྱི་རག་གི་དམག་ཕྱོགས་ཀྱིས་དམག་དོན་རྟེན་གཞི་ཡོད་ཚད་ཀྱི་དོ་དམ་དབང་ཆ་ཚུར་བླངས་ཡོད་ཟེར།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་ལྔ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁཱ་ཏིས་མུས་ཀྱིས་ཉིན་དེར་བསྡུས་པའི་ནང་སྲིད་ཁང་གི་གྲོས་ཚོགས་སྟེང་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་ལས་འགན་མཇུག་རྫོགས་ཟིན་པ་དང་། དབྱི་རག་གི་དམག་ཕྱོགས་ཀྱིས་དམག་དོན་རྟེན་གཞི་ཡོད་ཚད་ཀྱི་དོ་དམ་དབང་ཆ་ཚུར་བླངས་ཡོད་ལ། མིག་སྔར་བློ་འདོན་གྱི་བྱ་བར་འཇུག་པའི་ཕྱི་དམག་གི་མི་སྣ་ཁ་ཤས་ད་དུང་དབྱི་རག་ནས་བསྡད་དེ་མུ་མཐུད་དུ་དབྱི་རག་གི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བསྐྱར་བསྒྲགས་བྱས་ཟེར།

ཉིན་འགའི་རིང་ལ། དབྱི་རག་གི་དམག་དོན་རྟེན་གཞི་ལ་བསྟུད་མར་ཁ་ལོ་བ་མེད་པའི་གནམ་གྲུ་དང་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། ཁཱ་ཏིས་མུས་ཀྱིས་ལུགས་མེད་ཀྱི་བྱ་སྤྱོད་དེའི་རིགས་ལ་ཡིད་ཕངས་པའི་ཚུལ་བསྟན་པར་མ་ཟད། བྱ་སྤྱོད་དེའི་རིགས་ཀྱིས་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་གནོད་པ་བཟོ་སྲིད་ཟེར།

ཁཱ་ཏིས་མུས་ཀྱིས་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་ལས་འགན་མཇུག་རྫོགས་པ་དང་། དེའི་འཐབ་མོ་བ་དང་འཐབ་འཛིང་སྒྲིག་ཆས་ཚང་མ་དབྱི་རག་ནས་ཕྱིར་འཐེན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།