ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་གཞོན་པས་དབྱི་ལང་གི་ཉིང་རྡུལ་མཚོན་ཆའི་གྲོས་མོལ་ཐད་འཕེལ་རིམ་བཟང་པོ་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་གཞོན་པའི་ཞོར་དུ་དབྱི་ལང་ཉིང་རྡུལ་མཚོན་ཆའི་གནད་དོན་གྱི་དབུ་བཞུགས་གྲོས་མོལ་འཐུས་མིའི་འགན་ཁུར་མཁན་པཱ་ཀའེ་ལེ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་དང་འབྲེལ་བའི་ཕྱོགས་སོ་སོའི་གྲོས་མོལ་ལ་འཕེལ་རིམ་བཟང་པོ་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

དབྱི་ལང་གི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པཱ་ཀའེ་ལེ་ཡིས་ཉིན་དེར་ཨོ་སི་ཁྲི་རི་ཡའི་རྒྱལ་ས་ཝེ་ཡེ་ནཱ་ནས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལང་གིས་དམ་བཅའ་ཡང་བསྐྱར་ལག་བསྟར་བྱེད་པའི་གྲོས་མོལ་བྱེད་འགོ་བརྩམས་པའི་ཚུན་ལ། ཕྱོགས་སོ་སོས་འབད་བརྩོན་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས་ཡོད། གྲོས་མོལ་ལེགས་འགྲུབ་འབྱུང་བའི་གནད་འགག་ནི་དབྱི་ལང་བཀག་སྡོམ་བྱེད་མཚམས་འཇོག་པའི་གྲོས་ཆོད་འགོད་རྒྱུ་དེ་ཡིན། གལ་ཏེ་ཕ་རོལ་བར་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་པའི་ལྷག་བསམ་ཡོད་པར་མ་ཟད། དབྱི་ལང་གིས་ཉིང་རྡུལ་ཞིབ་བཤེར་དང་གྲོས་ཆོད་ལས་ཕྱིར་མི་འབུད་པར་ཁག་ཐེག་བྱེད་པ་སོགས་ཀྱིགནད་དོན་ཐད་བཏོན་པའི་རྐྱེན་སྲོལ་དང་ལེན་བྱས་ཚེ། དུས་ཚོད་སྔར་ལས་ཐུང་ངུའི་ནང་དུ་གྲོས་ཆོད་འགོད་ཐུབ་སྲིད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་བཀོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁ་སྲིད་གཞུང་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་བུད་དེ། དབྱི་ལང་ལ་ཡང་བསྐྱར་དང་གསར་དུ་བཀག་སྡོམ་རབ་དང་རིམ་པ་བྱས། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པའི་རྗེས་སུ། དབྱི་ལང་གིས་རིམ་བཞིན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་མོད། ཡིན་ནའང་ཁོས་ཚོས་སྤྱོད་བཞིན་པའི་བྱེད་ཐབས་དེར་འགྱུར་བ་བཏང་ཆོག་པའི་དམ་བཅས་ཡོད།

དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་དང་འབྲེལ་བའི་ཕྱོགས་སོ་སོས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པ་ནས་ཝེ་ཡེ་ནཱ་ནས་གྲོས་མོལ་བྱེད་འགོ་བརྩམས་ཏེ། ཨ་མེ་རི་ཁ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱིས་དམ་བཅའ་ཡང་བསྐྱར་ལག་བསྟར་བྱེད་བྱེད་པའི་གནད་དོན་སྐོར་ནས་གྲོས་སྡུར་བྱས། གྲོས་མོལ་བྱེད་ཐེངས་བརྒྱད་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཝེ་ཡེ་ནཱ་ནས་འགོ་བརྩམས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།