ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་སར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནང་སྲིད་པུའུ་ཡི་འབྲེལ་ཡོད་མི་སྣས་ཚེས3ཉིན་བདེན་དཔང་བྱས་དོན། རྒྱལ་ས་པཱ་ཀི་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཉིན་དེར་འགད་རྫས་ཡོད་པའི་མི་མེད་གནམ་གྲུ་གཉིས་ཀྱི་འཇབ་རྒོལ་ཐེབས་ཀྱང་མི་སྣར་ཤི་རྨས་བཟོས་མེད་ཟེར། 

མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་དེས་གསར་འགོད་པར་བཤད་རྒྱུར། ཚེས་གསུམ་ཉིན་གྱི་སྐྱ་རེངས་ཀྱི་མཚམས་སུ། འགད་རྫས་ཡོད་པའི་མི་མེད་གནམ་གྲུ་གཉིས་ཀྱིས་གནམ་གྲུ་ཐང་གི་ཨ་མེ་རི་ཁའི་བློ་འདོན་པ་དང་ལས་ཁུངས་བཅའ་སྡོད་བྱས་མྱོང་བའི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་ཀྱང་རྟེན་གཞི་དེར་སྲུང་སྐྱོབ་བྱེད་པའི་མཁའ་སྲུང་མ་ལག་གིས་གཏོར་བཤིག་བཏང་བ་རེད། འཇབ་རྒོལ་དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ལ། དབྱི་རག་བདེ་འཇགས་དམག་དཔུང་གིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།