ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཞའོ་ལི་ཡོན་གླིང་ཚོམ་ཉེ་འཁོར་གྱི་མཚོ་ཁོངས་སུ་རིམ་པ6.3ཅན་གྱི་ས་ཡོམ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གནམ་གཤིས་ཐིང་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། འཇར་པན་ཞའོ་ལི་ཡོན་གླིང་ཚོམ་ཉེ་འཁོར་གྱི་མཚོ་ཁོངས་སུ་ཟླ1པོའི་ཚེས4ཉིན་གྱི་ཞོགས་པར་རིམ་པ6.3ཅན་གྱི་ས་ཡོམ་བྱུང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་ཅི་ཡང་འབྱོར་མེད་པ་རེད།

བསྒྲགས་པའི་གསར་འགྱུར་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཏུང་ཅིན་དུས་ཚོད་ཚེས4ཉིན་གྱི་ཆུ་ཚོད6དང་སྐར་མ09(པེ་ཅིང་གི་ཆུ་ཚོད5དང་སྐར་མ09)སྟེང་བྱུང་ཞིང་། ཡོམ་ཁུངས་ནི་བྱང་གི་འཕྲེད་ཐིག་ཏུའུ27.1དང་ཤར་གྱི་གཞུང་ཐིག་ཏུའུ142.5། ཡོམ་ཁུངས་ཟབ་ཚད་སྤྱི་ལེ70ཡིན་པ་རེད། འཇར་པན་གནམ་གཤིས་ཐིང་གིས་བཤད་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་མཚོ་ཡོམ་བསླང་མི་སྲིད་ཟེར།

འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཉེན་རྟོག་ལས་རེས་པ་ཞིག་གིས་ཐེངས་འདིའི་ཡོམ་འགུལ་ཕལ་ཆེར་སྐར་ཆ10རིང་རྒྱུན་སྲིངས་ནའང་ཁང་བའི་ནང་གི་དངོས་རྫས་དང་ཁང་བ་སོགས་ལ་གནོད་སྐྱོན་ཅི་ཡང་ཐེབས་མེད་ཟེར། 

གསར་འགྱུར་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀོན་ཏིའི་ཉེན་ཁ་དོ་དམ་ལྟེ་གནས་ཀྱིས་ཆ་འཕྲིན་འབྲེལ་གཏུག་ཁང་བཙུགས་ནས་ཐེངས་འདིའི་ས་ཡོམ་དང་འབྲེལ་བའི་ཆ་འཕྲིན་བསྡུ་རུབ་བྱེད་བཞིན་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།