ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིར2021ལོར་མེ་མདའི་གྱོད་དོན་ཚབས་ཆེན691བྱུང་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཁེ་གཉེར་རྩ་འཛུགས་མ་ཡིན་པའི་མེ་མདའི་དྲག་ཤུགས་ཡིག་ཚགས་དྲ་ཚིགས་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་མ་ཐག་པའི2021ལོར་ཨ་རི་དུ་ཐེངས་གཅིག་ལ་མི4ཡན་བསད་པའི་མེ་མདའི་གྱོན་དོན་ཚབས་ཆེན691བྱུང་བ་དང་། དེ་ནི་དྲ་ཚིགས་འདི2013ལོར་བཙུགས་ནས་ཨ་རི་དུ་མེ་མདའི་དྲག་ཤུགས་གྱོད་གཞི་ལ་རྗེས་འདེད་བྱས་པའི་ཚུན་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོའི་ཟླ12པའི་ཚེས31ཉིན་བར་དུ། ཨ་མེ་རི་ཁར་མེ་མདའི་དྲག་ཤུགས་ལས་བསྡོམས་པས་མི44750ཤི་བ་དང་། དེའི་ནང་མི20660གཞན་གྱིས་བསད་ལ། མི24090རང་ཤི་བརྒྱབ་པ་དང་། ཤི་བོའི་ཁྲོད་མི1533ནི་ལོ17དང་དེའི་མན་གྱི་ན་གཞོན་དང་བྱིས་པ་རེད། དུས་མཚུངས་སུ། མི40359ལ་མེ་མདའི་དྲག་ཤུགས་ཁྲོད་རྨས་སྐྱོན་ཐེབས་པ་དང་། དེའི་ནང་མི4107ནི་ལོ17དང་དེའི་མན་རེེད། གཞི་གྲངས་འདི་དག་གིས་དྲ་ཚིགས་འདིའི་གཞི་གྲངས་ཟིན་ཐོའི་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། མེ་མདའི་དྲག་ཤུགས་དོན་རྐྱེན་བྱུང་ཐེངས་མང་བའི་ཨ་རིའི་གྲོང་ཁྱེར་ཆེན་མོ་གསུམ་པ་ཀྲི་ཅ་ཀི་དུ། 2021ལོར་མི800ལྷག་མེ་མདའི་དྲག་ཤུགས་འབྲེལ་ཡོད་དོན་རྐྱེན་ཁྲོད་ཤི་ནས་ལོ་ངོ20རིང་གི་ཆེས་མཐོ་བསྐྲུན་ཡོད། གྲོང་ཁྱེར་ཆེན་མོ་གཉིས་པ་ལའོ་ཧྲན་ཅི་རུ། མི400ལྷག་ཤི་བ་དང་ཉེ་བའི་ལོ15རིང་གི་ཆེས་མཐོ་བསྐྲུན་ཡོད།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་བཤེར་ཅུའུ་ཡི་ཚོད་དཔག་བྱས་པའི་གཞི་གྲངས་ལྟར་ན། 2021ལོའི་ཟླ་སྔོན་མ11རིང་། ཨ་རིར་བསྡོམས་པས་མེ་མདའ་ཁྲི1700བཙོང་ཡོད། གཞན་བརྟག་བཤེར་ལས་མངོན་པ་ལྟར་ན། མིག་སྔར་ཨ་རིར་བསྡོམས་པས་མི་ཁྲི8140ལ་མེ་མདའ་ཡོད་པ་དང་། དེས་དར་མའི་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད། ཨ་རི་ནི་འཛམ་གླིང་སྟེང་སྤྱིར་བཏང་མང་ཚོགས་ལ་མེ་མདའ་ཆེས་མང་བའི་རྒྱལ་ཁབ་ཡིན་ཞིང་། མེ་མདའི་དྲག་ཤུགས་དོན་རྐྱེན་ནི་ཨ་རི་སྤྱི་ཚོགས་ཀྱི་གཅོང་ནད་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།